ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མཁའ་སྐྱོད་ཚོ་ཆུང་གིས་འཁོར་ལམ་ཐོག་རྩིས་སྤྲོད་ལེན་གྱི་ལས་འགན་ལེགས་འགྲུབ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷ་གྲུ་བཅུ་བདུན་པ་རྟགས་ཅན་དང་ལྷ་གྲུ་བཅོ་བརྒྱད་པ་རྟགས་ཅན་གྱི་མཁའ་སྐྱོད་ཚོ་ཆུང་ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་བར་སྣང་ས་ཚིགས་ཀྱི་ཐན་ཧོ་ལྟེ་བའི་གྲུ་ཚང་དུ་འཁོར་ལམ་ཐོག་རྩིས་སྤྲོད་ལེན་གྱི་མཛད་སྒོ་འཚོགས་པ་དང་། མཁའ་སྐྱོད་པ་དྲུག་པོས་ཁག་སོ་སོར་ཁས་ལེན་ཡི་གེའི་ཐོག་མིང་རྟགས་བཀོད་པ་དང་། མཁའ་སྐྱོད་ཚོ་ཆུང་གཉིས་པོས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ལྡེ་མིག་རྩིས་སྤྲོད་བྱས་ཡོད། དེ་ནི་བར་སྣང་ས་ཚིགས་བསྐྲུན་ཚུན་མཁའ་སྐྱོད་པས་འཁོར་ལམ་ཐོག་རྩིས་སྤྲོད་ལེན་དང་བརྗེ་རེས་བྱེད་ཐེངས་བཞི་པ་ཡིན་ཞིང་། མིག་སྔའི་བར་སླེབས་དུས། ལྷ་གྲུ་བཅུ་བདུན་པ་རྟགས་ཅན་གྱི་མཁའ་སྐྱོད་ཚོ་ཆུང་གིས་གཏན་འཁེལ་བྱས་པའི་ལས་འགན་ཚང་མ་ལེགས་འགྲུབ་བྱུང་བ་དང་། ཟླ4བའི་ཚེས30ཉིན་ལྷ་གྲུ་བཅུ་བདུན་པ་རྟགས་ཅན་གྱི་མི་ཞུགས་འཕུར་གྲུར་བཞུགས་ནས་ཤར་རླུང་འཕེན་གཏོང་ར་བར་ཕྱིར་ལོག་རྒྱུ་རེད།  །

 
རྩོམ་སྒྲིག་པ། : 才让东珠