ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་དང་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་སྐྱེ་ཁམས་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པར། ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་དང་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་རྒྱུན་མཐུད་ངང་ལེགས་བཅོས་བྱུང་ཡོད།

ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར339ཡིPM2.5ཡི་ཆ་སྙོམས་གར་ཚད་དེ་སྨིད་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ43ཡིན་པ་དང་། དེ་དུས་མཚུངས་ལས6.5%ཆག་ཡོད། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ83.6%ཡིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི་ཚེག3.5འཕར་ཡོད། པེ་ཅིན་དང་ཐེན་ཅེན། ཧེ་པེ་དེ་བཞིན་ཉེ་འགྲམ་ས་ཁུལ་དང་། ཧྥེན་ཝེ་བདེ་ཐང་གི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། སྐྱེ་ཁམས་ཁོར་ཡུག་པུའི་གསར་འགྱུར་མགྲིན་ཚབ་པ་ཕེ་ཞའོ་ཧྥེ་ཡིས། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཀྱང་རྒྱུན་མཐུད་ལེགས་བཅོས་བྱུང་ཡོད་ཅེས་ངོ་སྤྲོད་གནང་ཡོད།  །

 
རྩོམ་སྒྲིག་པ། : 才让东珠