ཀྲུང་གོ་བོད་ཀྱི་དྲ་བ།

སྐབས28པའི་ཀྲུང་གོའི་ན་གཞོན་ལྔ་བཞི་གཟེངས་རྟགས་དཔྱད་འདེམས་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་གཅིག་ཡིན། སྔོན་ཐོན་ལ་གཟེངས་བསྟོད་དང་ཚད་ཤིང་བཙུགས་ནས། ན་གཞོན་དཔེ་མཚོན་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་མདུན་སྐྱོད་བྱེད་པར་སྐུལ་ལྕག་དང་སྣེ་ཁྲིད་བྱས་ནས། དཔའ་སྤོབས་ཆེན་པོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བར་ཞུགས་ཆེད། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཝང་ཁྲོན་ཁྲའོ་སོགས་བློ་མཐུན30ལ་སྐབས28པའི་ཀྲུང་གོའི་ན་གཞོན་ལྔ་བཞི་གཟེངས་རྟགས་གནང་རྒྱུ་ཐག་བཅད་པ་དང་། ཀྲུང་གོ་ལྕགས་ལམ་ཅུའུ་བཞི་པའི་ཡ་ཝན་མྱུར་བགྲོད་ལྕགས་ལམ་ལས་གཞི་པུའུ་ན་གཞོན་འཕྲལ་རྒོལ་རུ་ཁག་སོགས་ཀྱི་ན་གཞོན་ཚོགས་པ120ལ་སྐབས28པའི་ཀྲུང་གོའི་ན་གཞོན་ལྔ་བཞི་གཟེངས་རྟགས་ཀྱི་ཚོགས་པའི་བྱ་དགའ་གནང་བ་རེད།

སྐབས28པའི་ཀྲུང་གོའི་ན་གཞོན་ལྔ་བཞི་གཟེངས་རྟགས་ཐོབ་མཁན་ནི། ཞ་མོན་སློབ་ཆེན་མིའི་རིགས་རིག་པའི་ཞིབ་འཇུག་སའོ་ཡི་སའོ་ཀྲང་དང་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཞ་མོན་སློབ་ཆེན་སྤྱི་ཚོགས་དང་མིའི་རིགས་རིག་པའི་སློབ་གླིང་། ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཁྲོན་ཁྲའོ་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་མདའ་ཤོག170པའི་དར་གོས་སྟར་བུ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཝང་ཅུན་དབྱང་། ཀྲུང་གོའི་རླངས་འཁོར་དང་པོའི་མ་རྐང་ཚད་ཡོད་ཀུང་སིའི་ཞིབ་འཇུག་གསར་སྤེལ་སྤྱི་ཁྱབ་གླིང་གི་གློག་ཤུགས་གློག་སྒུལ་གསར་སྤེལ་པུའུ་ཡི་མཐོ་རིམ་ཀྲུའུ་རེན་ཝང་སི་པའོ། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གློག་རྡུལ་ཆ་འཕྲིན་དང་བརྡ་འཕྲིན་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དབྱི་ཧའེ་ཧྥན། ཧྲའན་ཞི་ཞིང་ཆེན་ཝེ་ནན་ལིན་ཝེ་ཁུལ་ལུའུ་ཧྲིན་དེང་རབས་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་གི་དོན་གཅོད་པ་ཧྲི་ཡུས་ཧྥིན། པེ་ཅིན་ཁོན་ཧྲི་ཚན་རྩལ་ཚད་ཡོད་ཀུང་སིའི་མཉམ་འབྲེལ་གསར་སྐྲུན་པའམ་དབུ་བཞུགས་ལག་བསྟར་པ་དབྱིན་ཆི། ཀྲུང་གོའི་གྲུ་གཟིངས(ཐེན་ཅིན)གསར་སྐྲུན་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཀྲུའུ་ཕིན། ཧུའུ་ནན་ཞིང་ཆེན་ཧིན་དབྱང་རྫོང་ཐའེ་ཡོན་གྲོང་རྡལ་སྡེ་བ་དགུ་བའི་ཏང་ཨུའི་ཨུ་ཡོན་ནམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཧུའུ་ནན་ཞིང་ཆེན་ཅ་སུའེ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ཀྲུའུ་ཞ(མོ)། ཀྲུང་གོ་མཁའ་སྐྱོད་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཧྲིན་དབྱང་གནམ་གྲུ་བཟོ་ལས་ཚད་ཡོད་ཀུང་སིའི་བཟོ་གྲྭ13པའི་ལས་བཟོ་པ་ཧྭ་ཁྲིན་ཞང་། ཀྲེ་ཅང་ཞིང་ཆེན་ཉིན་པའོ་གྲོང་ཁྱེར་ཧའེ་ཧྲུའུ་ཆུས་དང་བླངས་པའི་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སུན་ཅ་དབྱི(མོ)། ཧེ་ལུང་ཅང་ཞིང་ཆེན་ཨན་ཏ་གྲོང་ཁྱེར་རེན་མིན་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ལི་ཕིན། ཀྲུང་གོའི་ཚོང་ལས་འཕུར་སྐྱོད་ཧྲང་ཧའེ་གནམ་གྲུ་བཟོ་སྐྲུན་ཚད་ཡོད་ཀུང་སིའིC919ལས་དོན་པུའུ་ཡི་ཀྲུའུ་རེན་ལི་ཆིན། ཀོང་ཞི་ཡུས་ལིན་གྲོང་ཁྱེར་པའོ་པའེ་རྫོང་ཧྥིན་ཧྲན་གྲོང་རྡལ་ཨོའུ་མའེ་སྡེ་བའི་ཏང་ཨུའི་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁྲུན་ཡན(མོ)། ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པའི་ཚད་ཡོད་ཀུང་སིའི་ཞི་ཨན་གནམ་གྲུ་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་བཟོ་རྩལ་པ་ལི་མུན་ཡུའེ(མོ)། ཧྲན་ཏུང་མཐོ་རིམ་ཚན་རྩ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཝུའུ་ཞའོ་ཧུའུ།92950དམག་དཔུང་གི་དྲག་ཇུས་དམག་དཔོན་དང་རིམ་པ་དང་པོའི་འཕུར་སྐྱོད་པ་ཀྲང་མིན། དམངས་སྤྱོད་མཁའ་འགྲུལ་གཞི་གྲངས་བརྡ་འཕྲིན་ཚད་ཡོད་ཀུང་སིའི་མཁའ་འགྲུལ་བདེ་འཇགས་ལྟ་ཞིབ་པུའུ་སྤྱི་གཉེར་པ་ཁྲེན་ཡུང་ཡུའེ། ཀྲུང་གོ་ལྕགས་ལམ་རྟོག་བཤེར་ཇུས་འགོད་གླིང་དང་པོའི་ཚོགས་པ་ཚད་ཡོད་ཀུང་སིའི་ཁྲོན་བོད་ལྕགས་ལམ་རྟོག་བཤེར་ཇུས་འགོད་ལག་རྩལ་རུ་དཔོན་དང་ཞིན་བོད་ལྕགས་ལམ་སྤྱིའི་ཇུས་འགོད་པ་གཞོན་པ་ལའོ་ཧྥིན། ཁྲུན་ཆིན་གསོ་རིག་སློབ་ཆེན་ཁོངས་གཏོགས་ཀྱི་སྨན་ཁང་དང་པོའི་སེམས་ནད་ཚན་ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ། སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཀྲོའུ་ཞིན་ཡུས། ཨན་ཀང་ཚོགས་པ་རྣོ་ལྕགས་ཞིབ་འཇུག་གླིང་གི་ཚ་ལ་དང་རུལ་བསླད་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པའམ་ཞིབ་འཇུག་པ་སུའུ་ཧྥིན་ཡ(མོ)། ཀྲུང་གོ་ཉིང་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཉིང་རྡུལ་བཟོ་ལས་དངོས་ཁམས་རྫས་འགྱུར་བཟོ་སྐྲུན་ཞིབ་འཇུག་གླིང་སའོ་བཞི་པའི་སའོ་ཀྲང་གཞོན་པའམ་ཞིབ་འཇུག་པ། རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཅང་ལའེ། ཆུན་ཐའེ་དགེ་ཐོན་སློབ་གླིང་གི་ཁོངས་གཏོགས་ཡུང་ཞིན་སློབ་གྲྭའི་བྱིས་གཉོར་ཁང་གི་མགོ་བ་ཧུང་མའེ་ཧྲུའུ(མོ)། ཧའེ་ལུང་ཅང་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན་གྱི་ཉེན་རྟོག་པ་ཅི་ཕིན། ཧི་པའེ་ཞིང་ཆེན་དབང་བོ་སྐྱོན་ཅན་མི་སྣའི་ཆུ་རྐྱལ་རུ་ཁག་གི་ལུས་རྩལ་པ་ཀའོ་ཅིན་ཁྲེན། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་པ་པུའུ་བྱེ་མའི་ནགས་ཚལ་ར་བའི་བདག་སྐྱོང་པ་ཀའོ་ཞི། ཀོང་ཞི་མཐའ་མཚམས་སོ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲུན་ཙའོ་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གི་ཕིན་ཞང་མཐའ་མཚམས་དོ་དམ་རུ་ཆེན་གྱི་རུ་གཙོ་ཧོང་ཁྲང་ལི། ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་ལག་རྩལ་སློབ་གླིང་མཐོ་རིམ་དངོས་སྦྱོང་མཛུབ་སྟོན་དགེ་རྒན་ལེའང་ཅ་ཝེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕུའུ་ཏུང་མཚོ་དོན་ཅུའུ་མཚོ་ཁུལ་མཚོ་བསྐོར་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་གཞོན་པའམ་མཚོ་བསྐོར01གྲུ་གཟིངས་གི་མགོ་བ་ཀྲེན་ཁྲུན་ཕའེ(མོ)། ནན་ཅིན་སློབ་ཆེན་དེང་རབས་བཟོ་སྐྲུན་དང་དངོས་སྤྱོད་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐེན་ཧའེ་རེན། ཧྲན་ཞི་ཅིན་ན་གཞོན་གྲངས་ཀའི་སྨྱན་བྱད་ཧྲིལ་བོའི་འཁོར་སྐྱོད་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥན་ཅང་བཅས་ཡིན།

སྐབས28པའི་ཀྲུང་གོའི་ན་གཞོན་ལྔ་བཞི་གཟེངས་རྟགས་ཀྱི་ཚོགས་པའི་བྱ་དགའ་ཐོབ་མཁན་ནི། ཀྲུང་གོ་ལྕགས་ལམ་ཅུའུ་བཞི་པའི་ཡ་ཝན་མྱུར་བགྲོད་ལྕགས་ལམ་ལས་གཞི་པུའུ་ན་གཞོན་འཕྲལ་རྒོལ་རུ་ཁག་དང་། 31622དམག་དཔུང་གི་རུ་ལག43པ། ཀྲུང་གོ་ལྕགས་ལམ་ཚན་རིག་ཞིབ་འཇུག་གླིང་ཚོགས་པ་ཚད་ཡོད་ཀུང་སིའིCR450ཚན་རྩལ་གསར་སྐྲུན་བཟོ་འགོད་གནད་འགག་མ་ལག་ཞིབ་འཇུག་དང་ཚོད་ལྟའི་ན་གཞོན་ཚོགས་པའི་རུ་ཁག ཀྲུང་དབྱང་དྲིལ་སྒྲོག་པུའུ་སློབ་སྦྱོང་གིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་སློབ་སྦྱོང་སྟེགས་བུའི་ན་གཞོན་ཚོགས་པའི་རུ་ཁག ཀྲུང་གོ་ཧྭ་ནུན་ཚོགས་པ་ཚད་ཡོད་ཀུང་སིའི་ཧྭ་ནུན་ཧྲན་ཏུང་ཧྲི་ཏའོ་ཝན་ཉིང་རྡུལ་གློག་ཤུགས་ཚད་ཡོད་ཀུང་སིའི་འཁོར་སྐྱོད་པུའུ། པེ་ཅིན་གྲོང་ཁྱེར་མིན་ཐི་ཆུས་ཐན་ཐའོ་དགོན་པའི་མེ་གསོད་མྱུར་སྐྱོད་ས་ཚིགས། ཀྲུང་པའེ་སློབ་ཆེན་མཐར་ལྷུང་ཁོར་ཡུག་དམིགས་བསལ་ཚོར་ཤེས་དང་ཚོད་ལྟའི་གསར་སྐྲུན་ཞིབ་འཇུག་ཚོགས་པ། ནང་སོག་གློག་ཤུགས་ཚོགས་པ་ཨ་ལ་ཧྲན་ཨོའུ་ཆི་ན་གློག་འདོན་ཀུང་སིའི་ཧའེ་དབྱིན་རི་བོའི་གློག་འདོན་སའོ། ཧ་ཨར་པིན་བཟོ་སྐྲུན་སློབ་ཆེན་ཆུ་སྒྲ་བརྡ་འཕྲིན་དང་ངེས་གནས་ལག་རྩལ་གསར་སྐྲུན་ཚོགས་པའི་རུ་ཁག ཧྲང་ཧའེ་ཝའེ་ཀའོ་ཆའོ་གྲུ་གཟིངས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་གྲུ་གཟིངས་ལས་གཞི་པུའུ་གྲུ་གཟིངས་ཆེན་མོ་གསར་སྐྲུན་དོ་དམ་ཚོགས་པའི་རུ་ཁག ཙི་ཅིན་རི་བོའི་ཚོད་ལྟ་ཁང་གི6Gགནད་འགག་ལག་རྩལ་འགག་སྒྲོལ་ཚོགས་པའི་རུ་ཁག ཀྲུང་གོ་ཏེན་ཅན་ཧྭ་ཏུང་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་གླིང་པའེ་ཧི་ཐན་ཆུ་གློག་ས་ཚིགས་རྩད་ཞིབ་ཐིག་ལེན་ཇུས་འགོད་ཚོགས་པའི་རུ་ཁག ཨན་དབྱང་དགེ་ཐོན་སློབ་ཆེན་རུས་བརྐོས་ཡི་གེ་རྒྱུད་འཛིན་ཞིབ་འཇུག་གསར་སྐྲུན་ཚོགས་པའི་རུ་ཁག ཝུའུ་ཧན་སློབ་ཆེན་ལྷོ་བྱང་སྣེ་ཚན་རིག་རྟོག་ཞིབ་ཚོགས་པའི་རུ་ཁག ཀོང་ཀྲོའུ་གསོ་རིག་སློབ་ཆེན་ཆིན་ཧའོ་རིམས་འགོག་ཕྱི་རོགས་སྨན་བཅོས་རུ་ཁག ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཞིབ་འཇུག་ཚོགས་པའི་རུ་ཁག ཡུན་ནན་སློབ་ཆེན་ལོ་མང་སྐྱེས་པའི་འབྲས་རིགས་ཚོགས་པའི་རུ་ཁག ཏུན་ཧོང་ཞིབ་འཇུག་གླིང་རིག་དངོས་གྲངས་ཀ་ཅན་གྱི་སྲུང་སྐྱོབ་ཚོགས་པའི་རུ་ཁག མུན་ཉིང་རོགས་ལས་ཞ་མོན་སློབ་ཆེན་གྱི་ཉིང་ཞ་ཞིབ་འཇུག་སློབ་མའི་སློབ་གསོ་རོགས་སྐྱོར་ཚོགས་པ། ཀྲུང་གོ་ཚན་རིག་གླིང་ཞིན་ཅང་དངོས་ལུགས་རྫས་འགྱུར་ལག་རྩལ་ཞིབ་འཇུག་སའོ་ཡི་འོད་གློག་བྱེད་ནུས་ཤེལ་གཟུགས་རྒྱུ་ཆའི་གསར་སྐྲུན་ཚོགས་པའི་རུ་ཁག་བཅས་ཡིན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།