ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ཤུགས་ཆེན་པོས་ད་ལོའི་མཐོ་རྒྱུགས་བདེ་འཇགས་བརྟན་རླིང་ཡོང་བར་འགན་སྲུང་བྱེད་དགོས་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས28ཉིན། སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ2024ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱུགས་ལེན་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ནས2024ལོའི་མཐོ་རྒྱུགས་ལས་དོན་ཡག་པོ་བསྒྲུབ་པར་ཁྱོན་ཡོངས་ནས་བཀོད་སྒྲིག་དང་སྐུལ་སློང་བྱས་པ་རེད། ཚོགས་འདུའི་ཐོག་ད་ལོའི་མཐོ་རྒྱུགས་ལས་དོན་ལ་འཕྲད་པའི་དུས་བབ་དང་འགྲན་སློང་ཁོང་དུ་ཟབ་མོ་ཆུད་པར་བྱས་ནས་ཚད་མཐའི་བསམ་བློ་དང་མཐར་སོན་བསམ་བློ་བརྟན་པོ་བྱས་ཏེ་དངོས་སྒྲུབ་གོ་ཆོད་ཀྱི་བྱེད་ཐབས་དང་སྔོན་ཇུས་བཟོས་ནས་མཐོ་རྒྱུགས་བདེ་འཇགས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པར་བསྟན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། 2024ལོའི་མཐོ་རྒྱུགས་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་མཐའ་འཁྱོལ་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་དང་མཐོ་རྒྱུགས་བདེ་འཇགས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། “བདེ་འཇགས་མཐོ་རྒྱུགས”ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བ་བྱེད་དགོས། གཅིག་ནི་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་གཞི་ལས་དོན་ཡག་པོ་བསྒྲུབས་ཏེ། རིན་ཐང་གི་སྣེ་ཁྲིད་མངོན་གསལ་དོད་པོ་དང་། ནུས་པའི་ཁྲིད་སྟོན་ཤུགས་ཆེར་གཏོང་བ། རྒྱུགས་གཞི་ཞིབ་བཤེར་ནན་པོ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་བདེ་འཇགས་འགན་ལེན་བྱེད་དགོས། གཉིས་ནས་ཚད་གཞི་མཐོན་པོ་ཞིག་གི་ཐོག་ནས་རྒྱུགས་ལེན་དང་སློབ་མ་བསྡུ་བ་ལག་བསྟར་དང་། རྒྱུགས་ལེན་ལས་དོན་དོ་དམ་ནན་པོ། རྒྱུགས་ལེན་གཡོ་ཟོལ་སྔོན་འགོག་ནན་པོ། རྒྱུགས་ཤོག་དཔྱད་བསྡུར་ནན་པོ། སློབ་མ་བསྡུ་བའི་སྒྲིག་ཁྲིམས་ནན་པོ། ཚད་ལྡན་ནན་པོ་ཡོང་བར་འགན་ལེན་ཏན་ཏིག་བཅས་བྱ་དགོས། གསུམ་ནས་མཐོ་རྒྱུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཇུས་གཞི་ཞིབ་མོའི་བླང་བྱ་འདོན་པ། ལས་ཀའི་བརྒྱུད་རིམ་ཞིབ་ཚགས་སུ་གཏོང་བ། ལད་ཟློས་ནང་སྦྱོང་ལ་ཤུགས་སྣོན་པ། ཆེད་དོན་སྒྱུར་བཅོས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་བརྟན་རླིང་ངང་ལག་བསྟར་ཐུབ་པར་འགན་ལེན་བྱེད་དགོས། བཞི་ནས་ནུས་ཆེ་དང་ནུས་ལྡན་གྱི་སྒོ་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཡིག་རྒྱུགས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཡིག་རྒྱུགས་དཔུང་ཁག་གི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ལྡན་དང་ཕན་ནུས་ལྡན་པའི་འགན་ལེན་ཏན་ཏིག་བྱེད་དགོས། ལྔ་ནས་ཆུ་ཚད་མཐོ་བའི་སྒོ་ནས་རྒྱུགས་སྤྲོད་སློབ་མར་ཞབས་ཞུ་བྱེད་པ་དང་། ཞབས་ཞུའི་བྱེད་ཐབས་ལེགས་སྒྱུར། དྲིལ་བསྒྲགས་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ། ཆ་འཕྲིན་ཡོངས་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་ཡག་པོ་བྱེད་པ་བཅས་བྱས་ཏེ། སེམས་ཤུགས་དང་བརྩེ་སེམས་ཡོད་པར་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་ནན་གྱིས་བསྟན་དོན།“ལྔ་གཅིག”གུང་གསེང་གི་སྔ་རྗེས་སུ་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་བདེ་འཇགས་སློབ་གསོ་སྤེལ་ཏེ། ཉེན་ཁ་རྩད་ཞིབ་དང་ལྟ་རྟོག་ཉེན་ཟོན། འཕྲལ་བསྟུན་ཐག་གཅོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་བརྟན་ལྷིང་གི་ཚད་མཐའ་བརྟན་པོ་ཡོང་བ་བྱེད་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།