ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་པའོ་ལི་ཝེ་ཡའི་ཕྱི་འབྲེལ་དཔོན་སའོ་ས་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས28ཉིན་པེ་ཅིན་དུ་པའོ་ལི་ཝེ་ཡའི་ཕྱི་འབྲེལ་དཔོན་སའོ་ས་དང་གྲོས་མོལ་གནང་།

ཝང་དབྱི་ཡིས་བསྟན་དོན། 2025ལོ་ནི་ཀྲུང་པའོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར40ལོན་པའི་ལོ་ཡིན། ཀྲུང་གོས་པའོ་ལི་ཝེ་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། ཀྲུང་པའོ་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆབ་སྲིད་ཀྱི་ཡིད་རྟོན་སྲ་བརྟན་དུ་བཏང་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དམ་ཟབ་དུ་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་བའི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་དགོས། ཀྲུང་གོས་པའོ་ལི་ཝེ་ཡ་འདུས་པའི་ལ་ཏིན་མེ་གླིང་དང་ཅ་ལི་པིས་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ཀྲུང་ལའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

སའོ་ས་ཡིས་བསྟན་དོན། པའོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ནི་གལ་ཆེའི་འཐབ་ཇུས་རོགས་ཟླར་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་ལ་ཀྲུང་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།