ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན7859ཞིབ་བཤེར་ཐག་གཅོད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲ་ཚིགས་ཀྱིས་ཚེས28ཉིན་རྒྱལ་ཡོངས་ཀྱི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་ཟླ་རེའི་གཞི་གྲངས་ཁྱབ་བསྒྲགས་བྱས། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། ད་ལོའི་ཟླ3པར། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན7859ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི10855(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ94དང་། ས་ཁུལ་དང་ཐིན་རིམ་པའི་ལས་བྱེད་པ702)ལ་ཁ་ཏ་སློབ་གསོ་རོགས་སྐྱོར་དང་ཐག་གཅོད་བྱས་ལ། མི7450ལ་ཏང་སྲིད་སྒྲིག་ཁྲིམས་ཀྱིས་ཆད་གཅོད་བྱས།

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ3པར་རྒྱལ་ཡོངས་སུ་བསྡོམས་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན3162ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི4779ལ་ཁ་ཏ་སློབ་གསོ་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ཁྲོད། འགན་འཁྲི་སྒྲུབ་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཕྱོགས་ནས་འགན་ཁུར་མི་ཐུབ་པ་དང་ལས་སྒྲུབ་མི་བྱེད་པ། བྱ་སྤྱོད་གང་བྱུང་དུ་སྤེལ་བ་དང་བྱས་རྗེས་རྫུན་མ་འཇོག་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ་སོགས་ཀྱི་ཕྱོགས་ནས་གནད་དོན་ཆེས་མང་བས། གནད་དོན2809རྩད་གཅོད་བྱས་ཤིང་། མི4252ལ་ཁ་ཏ་སློབ་གསོ་རོགས་སྐྱོར་དང་ཐག་གཅོད་བྱས།

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ3པར་རྒྱལ་ཡོངས་སུ་བསྡོམས་པས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་གནད་དོན 4697ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི6076ལ་ཁ་ཏ་སློབ་གསོ་རོགས་སྐྱོར་དང་ཐག་གཅོད་བྱས། དེའི་ནང་རྩ་ཆེའི་ཁྱད་ཐོན་དང་ལེགས་སྐྱེས་ལེགས་དངུལ་སྤྲོད་ལེན་གྱི་གནད་དོན2216རྩད་གཅོད་བྱས་པ་དང་། སྒྲིག་འགལ་ངང་ཁ་གསབ་དང་ཕན་བདེ་བྱིན་པའི་གནད་དོན612། སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན1015རྩད་གཅོད་བྱས། །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།