ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བའི་ལྷ་མོ་ཨང་དྲུག་པའི་ལས་འགན་སྒྲུབ་བྱེད་ཀྱི་མདའ་མོ་སྡེབ་སྒྲིག་བྱས་ནས་དྲང་འཕྱང་གི་འཁོར་སྐྱོད་ལེགས་འགྲུབ་བྱུང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས27ཉིན། ཟླ་བའི་ལྷ་མོ་ཨང་དྲུག་པའི་དཔྱད་ཆས་དང་རྒྱང་སྐྱོད་ཨང་ལྔ་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བརྒྱད་པས་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བར་ལག་རྩལ་ཁུལ་གྱི་འབྲེལ་ཡོད་ལས་དོན་ལེགས་འགྲུབ་བྱུང་རྗེས་ཡོ་བྱད་དང་མདའ་མོ་སྡེབ་སྒྲིག་གཟུགས་དྲང་འཕྱང་དུ་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་པ་དང་། ཟླ5པའི་ཟླ་སྟོད་དུ་གོ་སྐབས་བདམས་ནས་འཕེན་གཏོང་བྱ་རྩིས་ཡོད།

ཟླ་བའི་ལྷ་མོ་ཨང་དྲུག་པའི་དཔྱད་ཆས་དང་རྒྱང་སྐྱོད་ཨང་ལྔ་བའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བརྒྱད་པ་སོ་སོར་ཟླ1པོ་དང་ཟླ3པར་སྐྱེལ་འདྲེན་བྱས་རྗེས་གཅིག་རྗེས་གཉིས་མཐུད་ངང་སྤྱིའི་སྒྲིག་ཆས་དང་ཚད་ལེན་ཚོད་ལྟ་སོགས་ཀྱི་གྲ་སྒྲིག་ལས་དོན་སོ་སོ་ལེགས་འགྲུབ་བྱུང་ཡོད། ཟླ4པའི་ཚེས27ཉིན་རྒྱང་སྐྱོད་ཨང་ལྔ་པ་དང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བརྒྱད་པ་ཐེག་ཡོད་པའི་བྱ་འགུལ་འཕེན་གཏོང་སྟེགས་བུ་ཡིས་མདའ་མོའི་ཚོགས་གཟུགས་དེ་དྲང་འཕྱང་ཚད་ལེན་བཟོ་གྲྭའི་བདེ་འཇགས་ཚད་ལེན་ཁང་ནས་འཕེན་གཏོང་ཁུལ་དུ་དལ་གྱིས་བརྒྱུད་འདྲེན་བྱས། རྗེས་མཐུད་འཆར་གཞི་ལྟར་བྱེད་ནུས་ཁག་ལ་ཞིབ་བཤེར་དང་། མཉམ་འབྲེལ་ཚོད་ལྟ། སྐུལ་འདེད་རྫས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།