ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཞའོ་ཧུང་གིས་ཧྥའོ་ཏི་ཅའོ་ནང་སྲིད་པུའུ་ཡི་པུའུ་ཀྲང་ལའོ་ཧྲ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་ཨུ་ཡོན་ནམ་སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚེས26ཉིན་པེ་ཅིན་དུ་ཧྥའོ་ཏི་ཅའོ་ནང་སྲིད་པུའུ་ཡི་པུའུ་ཀྲང་ལའོ་ཧྲ་ལ་ཐུག་འཕྲད་གནང་།

ཝང་ཞའོ་ཧུང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཧྥའོ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བདེ་བླག་ཡིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད། ཀྲུང་གོས་ཧྥའོ་ཏི་ཅའོ་དང་མཉམ་དུ། རིམ་པ་སོ་སོའི་ཁྲིམས་འཛིན་མི་སྣའི་འགྲོ་འོང་ལ་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བདེ་སྲུང་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་རྡུང་རྡེག ཁྲིམས་འཛིན་ནུས་པ་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་ཇེ་ཟབ་དུ་བཏང་སྟེ། རང་རྒྱལ་ཁབ་དུ་ཡོད་པའི་རྒྱལ་ཁབ་གཞན་པ་དེའི་སྤྱི་དམངས་དང་ལས་ཁུངས། ལས་གཞིའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཀྲུང་ཧྥེ་འབྲེལ་བ་དེ་སྔར་ལས་ཆུ་ཚད་མཐོ་བ་དང་སྔར་ལས་ཁྱབ་ཁོངས་ཆེ་བར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལའོ་ཧྲ་ཡིས་བསྟན་དོན། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་དུ་གཏོང་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།