ཀྲུང་གོ་བོད་ཀྱི་དྲ་བ།

མི1088ལ2024ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སླེབས་པའི་སྐབས་འདིར། གསར་འགོད་པས་ཚེས27ཉིན་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་གཟེངས་བསྟོད255དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས1088། རྒྱལ་ཡོངས་བཟོ་བའི་སྔོན་ཐོན་པ1034བཅས་ལ་བྱ་དགའ་གནང་རྒྱུ་རེད། དེའི་ནང་། རྒྱུན་གཏན་གཟེངས་རྟགས་བསྟོད་བསྔགས་བྱ་ཡུལ་ཁྲོད་ཞིང་བ་ལས་བཟོ་པ172ཡོད་པ་དང་། དེའི་བསྡུར་ཚད་ཀྱིས་ལོ་རྒྱུས་ཀྱི་ཆེས་མཐོ་བ་བསྐྲུན་ཡོད།

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣས་བསྟན་དོན། ད་ལོའི་ལྔ་གཅིག་ངལ་རྩོལ་གཟེངས་བསྟོད་ཀྱིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དཔྱད་འདེམས་གཟེངས་བསྟོད་ཀྱི་གལ་ཆེའི་ཁ་ཕྱོགས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། དེར་གཤམ་གྱི་འབུར་ཐོན་ཁྱད་ཆོས་འགའ་ཡོད་པ་སྟེ། འཕེལ་རྒྱས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འོས་སྦྱོར་བྱ་ཡུལ་གཙོ་གནད་དུ་བཟུང་ཡོད་པ་དང་། རྒྱུན་གཏན་གྱི་གཟེངས་བསྟོད་བྱ་ཡུལ་ཁྲོད48.6%གི་གཟེངས་བསྟོད་དང33.7%གྱི་གཟེངས་རྟགས།35.5%ཡི་སྔོན་ཐོན་པ་བཅས་ཐོན་སྐྱེད་ནུས་ཤུགས་གསར་མའི་གཟེངས་བསྟོད་བྱ་ཡུལ་ཡིན། གཙོ་གནད་ཐོན་ལས་ལ་ཁ་ཕྱོགས་པ་དང་། རྒྱུན་གཏན་གྱི་གཟེངས་བསྟོད་བྱ་ཡུལ་ཁྲོད84.4%ཡི་གཟེངས་བསྟོད་དང71.4%ཡི་གཟེངས་རྟགས། 74.9%ཡི་སྔོན་ཐོན་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པས་ནན་གྱིས་བསྟན་པའི་ཐོན་ལས་དང་རང་ས་ཁུལ་གྱི་གཙོ་གནད་ཐོན་ལས་ཁོངས་སུ་གཏོགས་པ་རེད། གཞི་རིམ་དང་ལས་ཡུལ་དང་པོ། སྤྱིར་བཏང་ངལ་རྩོལ་པར་ཁ་ཕྱོགས་ཡོད་པ་དང་། ཐོན་ལས་ལས་བཟོ་པར་ཁ་ཕྱོགས་ནས། རྒྱུན་གཏན་གྱི་གཟེངས་བསྟོད་བྱ་ཡུལ་ཁྲོད། ཐོན་ལས་ལས་བཟོ་པ380ཡོད་ལ། དེ་གཏན་ཁེལ་བསྡུར་ཚད་ལས་བརྒྱ་ཆའི་ཚེག5.3ལས་མཐོ་བ་ཡིན།

དུས་མཚུང་སུ། རྒྱུན་གཏན་གཟེངས་བསྟོད་བྱ་ཡུལ་དེ་དག་ལས་རིགས་ཆེན་མོ19ལ་ཁྱབ་ཡོད་པ་དང་། གསར་སྐྲུན་ལས་རིགས་དང་གློག་ཤུགས། འབར་རླངས། བཟོ་སྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན། ཆ་འཕྲིན་བརྒྱུད་འདྲེན། མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུ་ལས་རིགས་སོགས་འབྲེལ་ཡོད་ལས་རིགས་ཅུང་མང་བ་རེད། 

གཟེངས་བསྟོད་བྱ་ཡུལ་ཁྲོད། ད་ལོར་ད་རུང་གཟེངས་བསྟོད37དང་གཟེངས་རྟགས145། སྔོན་ཐོན་པ78བཅས་ཀྱི་མིང་ཐོ་ལོགས་སུ་བཀར་ནས། རྒྱལ་ཡོངས་ལས་བཟོ་པའི་ལས་རིགས་ཀྱི་ནུས་རྩལ་འགྲན་བསྡུར་ཁྲོད་ཀྱི་རྒྱལ་ཁ་ཐོབ་མཁན་དང་། རྒྱལ་ཁབ་གཙོ་གནད་བྱ་འགུལ་རྩ་འཛུགས་དང་འཕྲལ་བསྟུན་དོན་རྐྱེན་ཐག་གཅོད་ཁྲོད་འབུར་ཐོན་གྱི་སྔོན་ཐོན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།