ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་གྲངས་འབོར་དང་སྤུས་ཚད་མཐོར་ཕྱིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཁང་གིས་ཚེས24ཉིན་ཡོངས་སྒྲོག་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་ཅུའུ་ཡི་ཅུའུ་ཀྲང་ཧྲིན་ཁྲང་ཡུའུ་ཡིས་ངོ་སྤྲོད་གནང་བར། 2023ལོར་རང་རྒྱལ་གྱིིས་ཤེས་བྱའི་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་མྱུར་ངང་སྤེལ་བ་དང་། ཤེས་བྱའི་བདག་དབང་གི་གྲངས་འབོར་དང་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་སོང་ཡོད་པ་དང་། ཁེ་ལས་ཀྱི་གསར་གཏོད་ཆེད་ཁེ་ཐོན་ལས་ཅན་དུ་སྒྱུར་ཚད50%ལས་བརྒལ་ཞིང་། བསྟུད་མར་ལོ5རིང་ལ་འཕར་ཡོད། 

2023ལོར། རང་རྒྱལ་གྱིས་ཆོག་མཆན་སྤྲད་པའི་གསར་གཏོད་ཆེད་ཁེ་ཁྲི92.1ཡོད་པ་དང་། དུས་མཚུངས་ལས15.3%ཇེ་མཐོར་སོང་ཡོད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡི་ཅུའུ་ཀྲང་ཧྲིན་ཁྲང་ཡུའུ་ཡིས་བཤད་རྒྱུར། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་བསྒྲགས་པའི《2023ལོའི་གོ་ལ་ཧྲིལ་བོའི་གསར་གཏོད་སྟོན་གྲངས་སྙན་ཞུ》ནང་། རང་རྒྱལ་གྱིས་གོ་ལ་ཧྲིལ་བོའི་ཚན་རྩལ་སྤྱི་ཚོགས་བརྒྱའི་ནང24ཟིན་པ་དང་། ཐོག་དང་པོར་ཟིན་ཚད་འཛམ་གླིང་ཨང་དང་བོར་གྱུར་ཡོད།  །

 
རྩོམ་སྒྲིག་པ། : 才让东珠