ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་འགལ་ངང་རྒྱས་བཟའ་རྒྱས་འཐུང་བྱེད་པའི་དཔེ་མཚོན་གནད་དོན8ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཉེ་སྔོན་དུ་སྒྲིག་འགལ་ངང་རྒྱས་བཟའ་རྒྱས་འཐུང་བྱེད་པའི་དཔེ་མཚོན་གནད་དོན་8ཡོངས་སྒྲོག་བྱས།

ཅང་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཟུར་བའམ་ཀྲུའུ་རེན་གཞོན་པ་དབྱིན་མེ་གིན་དང་། སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་བཟོ་སྐྲུན་དཔྱད་འཇོག་ལྟེ་གནས་ཀྱི་ཏང་ཨུའི་ཨུ་ཡོན་ཟུར་པའམ་ཆུའུ་ཧྲི་དབྱིན། ཧའེ་ནན་ཞིང་ཆེན་ཡུལ་སྐོར་དང་རིག་གནས་རྒྱང་སྒྲོག་ལུས་རྩལ་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་ལུའུ་ཕིང་ཅུའུ་དང་། ཞིན་ཅང་ཐོན་སྐྱེན་འཛུགས་སྐྲུན་དམག་ཚོགས་ཀྱི་ཧྲི་དྲུག་པའི་ཧྲི་ཀྲང་། ཝུའུ་ཅ་ཆུའུ་གྲོང་གཙོ་གཞོན་པ་རོན་ཧྲིན་ཧོང་དང་དམག་སྡེ་སློབ་གཙོ་ཅུའུ་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་དབྱི་རའོ་ཆང་། པེ་ཅིང་གྲོང་ཁྱེར་ནོར་སྲིད་ཅུའུ་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ཁྲུའུ་ཁྲུའུ་ཀྲང་གཞོན་པ་ཧྥེ་གཡང་། ཧྥ་ཏེན་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཨུ་ཡོན་ཟུར་བམའ་སྤྱིའི་རྩིས་གཉེར་བ་ལི་ཞི་ཅིན། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་པའོ་ཀྲུའུ་ཡན་ལག་ཁང་གི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་བུའུ་ཅན་པེན་སོགས་དང་། ཡུན་ནན་ཞིང་ཆེན་ཡུས་ཞི་གྲོང་ཁྱེར་ཞིན་ཕེང་དབྱི་རིགས་ཐའེ་རིགས་དང་སྐྱོང་རྫོང་མི་དམངས་སྨན་ཁང་གི་གཞུང་སྒོར་སྤྱད་དེ་ཟས་འཐུང་དང་སྤྱི་སྙོམས་དྲང་གཞག་ལ་ཤུགས་རྐྱེན་ཐེབས་སྲིད་པའི་རྒྱས་སྟོན་སོགས་ལ་ཞུགས་པ་སོགས་ལ། ཐག་གཅོད་ནན་མོ་བྱས་ཡོད། 

ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ནན་གྱིས་བསྟན་དོན། རིམ་ཁག་ཏང་གི་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ཟས་འཐུང་གི་གནད་དོན་གྱི་ནག་ཉེས་ལ་ངོས་ཟིན་ཡག་པོ་འཛིན་པ་དང་། རང་ས་ཁུལ་གྱི་ལས་ཁུངས་དང་མ་ལག་ནང་གི་རྒྱས་བཟའ་རྒྱས་འཐུང་གི་གནད་དོན་གྱི་དབྱེ་ཞིབ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་དགོས། རིམ་ཁག་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་འགལ་ངང་རྒྱས་བཟའ་རྒྱས་འཐུང་བཅོས་པར་ཚད་མཐོའི་འགན་འཁྲི་འཁུར་དགོས་པ་དང་། ཤེས་བཞིན་དུ་བྱ་སྤྱོད་ལ་ཚོད་མི་འཛིན་པ་དག་ལ་ཆད་པ་ནན་མོ་གཅོད་དགོས། གནད་དོན་འབུར་དུ་ཐོན་པའི་ས་ཁུལ་ལ་མ་ལག་ལྡན་པའི་ངང་ཞིབ་གཅོད་ནན་མོ་བྱེད་དགོས། རུལ་སངས་མི་བྱེད་པ་གསུམ་རྒྱུན་འཁྱོངས་བྱེད་དགོས། ཏང་གཤིས་དང་ཏང་གི་སྒྲིག་ལམ་མཉམ་དུ་འཛིན་དགོས་པ་དང་། ཡུན་རིང་བརྟན་པའི་ལམ་སྲོལ་འཛུགས་དགོས། ལྔ་གཅིག་སོགས་དུས་ཆེན་སྐབས་ཀྱི་རྒྱས་བཟའ་རྒྱས་འཐུང་དང་སྐྱེས་ཆེན་པོ་ཕར་ཚུན་སྦྱིན་པ། གཞུང་སྒོར་སྤྱད་དེ་ཡུལ་སྐོར་བྱེད་པ་སོགས་འབྱུང་མང་བའི་སྒྲིག་འགལ་ལ་ལྷག་ཏུ་གཟབ་དགོས་པ་མ་ཟད། དཔེ་མཚོན་གྱོད་དོན་མྱུར་དུ་ཡོངས་བསྒྲགས་དང་། ནུས་ཤུགས་ལྡན་པའི་ངང་བྱེད་ཐབས་སྤྱད་དེ་དུས་སྟོན་ཡག་པོ་རོལ་བར་ཁག་ཐེག་བྱེད་དགོས།  །

 
རྩོམ་སྒྲིག་པ། : 才让东珠