ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་གཏོང་བའི་དུས་ཚོད་གཏན་ཁེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་གཏོང་བའི་དུས་ཚོད་ཚེས25ཉིན་གྱི་དགོང་མོའི་ཆུ་ཚོད8དང་སྐར་མ59སྟེང་ཡིན་པ་གཏན་ཁེལ་བྱས་ཤིང་། མཁའ་སྐྱོད་པ་ཡེ་ཀང་ཧྥུའུ་དང་ལི་ཚོན། ལི་ཀང་སུའུ་བཅས་གསུམ་པོ་མཉམ་དུ་པར་རྒྱབ། ཐེངས་འདིའི་འཕར་སྐྱོད་འགན་ཁུར་ལག་བསྟར་བྱེད་པ་དེ་རྒྱང་སྐྱོབ་ཨང་གཉིས་པFབཅོ་བརྒྱད་འགྲུལ་སྐྱེལ་མེ་ཤུགས་འཕར་གྲུའི་ནང་དུ་འཆར་གཞི་ལྟར་སྣུམ་བླུགས་པ་དང་། མིག་སྔར་ཅུའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་མི་སྡོད་འཇིག་རྟེན་འཕུར་གྲུ་འཕེན་གཏོང་ར་བར་གྲ་སྒྲིག་བྱས་ཡོད། 

ཐེངས་འདིའི་འགན་ཁུར་ནི་བར་སྣང་ས་ཚིགས་ཀྱི་བེད་སྤྱོད་དང་འཕེལ་རྒྱས་དུས་རིམ་གྱི་ཐེངས་གསུམ་པའི་མི་སྡོད་འཕུར་སྐྱོད་རེད་ལ། འདི་ཡང་མི་སྡོད་འཇིག་རྟེན་བཟོ་སྐྲུན་གྱི་འཕུར་སྐྱོད་ཐེངས32པ་རེད། ཀྲུང་གོ་མི་སྡོད་འཇིག་རྟེན་བཟོ་སྐྲུན་གྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀྲུང་གོ་མི་སྡོད་འཇིག་རྟེན་བཟོ་སྐྲུན་གྱི་གསར་འགྱུར་མགྲིན་ཚབ་པ་ལིན་ཞི་ཆང་གིས་ངོ་སྤྲོད་གནང་བར། བར་སྣང་ས་ཚིགས་ཀྱི་འགན་ཁུར་རྒྱུན་རྣམ་ཅན་གྱི་ལས་རེས་རྗེས། ལྷ་གྲུ་ཨང་བཅོ་བརྒྱད་པའི་མཁའ་སྐྱོད་པས་དུས་ཡུན་དེའི་ནང་དུ་འཆར་གཞི་ལྟར་བར་སྣང་ས་ཚིགས་ཀྱི་དོ་དམ་དང་དོ་ཁུར། དེ་མིན་བེད་སྤྱོད་དང་། བར་སྣང་ས་ཚིགས་ཀྱི་ཞིག་གསོ་དང་ཞིབ་བཤེར་བྱས་ཏེ། བར་སྣང་ས་ཚིགས་བདེ་འཇགས་ངང་ལས་ཕྱོད་མཐོ་བའི་སྒོ་ནས་འཁོར་སྐྱོར་བྱེད་པར་འགན་ལེན་བྱ་རྒྱུ་རེད། ཁོང་ཚོས་གྲུ་ཤག་ནང་ཚན་རིག་ཚོད་ལྟ་དང་། ལྗིད་ཤུགས་དམའ་བའི་རྨང་གཞིའི་དངོས་ལུགས་དང་བར་སྣང་རྒྱུ་ཆའི་ཚན་རིག བར་སྣང་ཚེ་སྲོག་ཚན་རིག དབྱིངས་སྐྱོད་གསོ་རིག དབྱིངས་སྐྱོད་ལག་རྩལ་སོགས་ཀྱི་ཁྱབ་ཁོངས་ནང་དུ། ཚོད་ལྟ90ལྷག་སྤེལ་རྒྱུ་རེད། 

ལིན་ཞི་ཆང་གིས་ངོ་སྤྲོད་བྱས་པར། འཆར་གཞི་ལྟར་ན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་གྲུ་འཁོར་ལམ་དུ་སྐྱོད་རྗེས། རང་འགུལ་གྱིས་སྦྲེལ་མཐུད་རྣམ་པ་སྤྱད་དེ། ཆུ་ཚོད6.5ཙམ་གྱི་རྗེས་སུ་ཐེན་ཧི་གྲུ་ཤག་གཙོ་བོ་དང་མཐུད་དེ། གྲུ་གསུམ་དང་ཤག་གསུམ་གྱི་ཚོགས་པ་གྲུབ་རྒྱུ་རེད། འཁོར་ལམ་ཐོག་ནས། ལྷ་གྲུ་ཨང་བཅོ་བརྒྱད་པ་རྟགས་ཅན་གྱི་འཁོར་སྐྱོད་ནས་གནམ་གྲུ་ཨང་བརྒྱད་པ་རྟགས་ཅན་གྱི་ཟོག་སྐྱེལ་འཕུར་གྲུ་དང་། ལྷ་གྲུ་ཨང་བཅོ་བརྒྱད་པ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་བསུ་རྒྱུ་རེད། འཆར་གཞི་ལྟར་ན་ད་ལོའི་ཟླ10བའི་ཟླ་སྨད་དུ་ཏུང་ཧྥུན་འབབ་སར་འབབ་རྒྱུ་རེད།  །

 
རྩོམ་སྒྲིག་པ། : 才让东珠