ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཡ་ཨར་ཏའོ་དང་གྲོས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིན་དུ་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཡ་ཨར་ཏའོ་དང་གྲོས་མོལ་གནང་བ་རེད།

ཝང་དབྱི་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་ཧང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གལ་ཆེའི་གོ་སྐབས་གསར་བར་འཕྲད་ཡོད། ཀྲུང་གོས་ཧང་ག་རིའི་ཕྱིའི་ཐེ་གཏོགས་དང་གནོན་ཤུགས་སེལ་ནས་བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་གནང་བར་བསྟོད་བསྔགས་གནང་རྒྱུ་ཡིན། ད་ལོའི་ལོ་སྨད་ལ། ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པས། ཧང་ག་རིའི་ཡོ་རོབ་མནའ་འབྲེལ་གྱིས་དོན་དངོས་དང་མཛའ་མཐུན་ངང་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་པར་སྐུལ་འདེད་གཏོང་བ་དང་། དགེ་མཚན་ལྡན་པ་དང་དངོས་བརྩོན་གྱི་སྒོ་ནས་ཀྲུང་གོའི་སྲིད་ཇུས་ལག་བསྟར་བྱེད་པ། ཀྲུང་ཡོ་འབྲེལ་བ་རྒྱུན་མཐུད་དང་གཏན་འཇགས། བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

ཞི་ཡ་ཨར་ཏའོ་ཡིས་བསྟན་དོན། ཧང་ག་རི་ཡིས་སྦྲེལ་གཅོད་འབྲེལ་ཆད་ལ་ངོ་རྒོལ་བྱེད་པ་དང་། མུ་མཐུད་དུ་ཧང་ཀྲུང་གི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་དུ་བཏང་སྟེ། ཡོ་ཀྲུང་འབྲེལ་བ་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།