ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་དཔོན་ཁའོ་ཧྲ་ནའོ་ཧྥུའུ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས24ཉིན་པེ་ཅིན་དུ་ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་དཔོན་ཁའོ་ཧྲ་ནའོ་ཧྥུའུ་ལ་ཐུག་འཕྲད་གནང་བ་རེད།

ཟླ4པའི་ཚེས24ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཧ་སག་སི་ཐན་གྲོས་ཁང་འོག་མའི་གྲོས་དཔོན་ཁའོ་ཧྲ་ནའོ་ཧྥུའུ་ལ་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་གཙོ་ཐིག་ཏུ་བཟུང་སྟེ། ལག་གདང་མཉམ་སྦྲེལ་སྒོས་སྔར་ལས་དམ་ཟབ་ཀྱི་ཀྲུང་ཧ་ལས་དབང་གཅིག་མཐུན་ཚོགས་པ་བཙུགས། ཀྲུང་གོས་ཧ་སག་སི་ཐན་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ། བློ་ཐག་རྦད་ཆོད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། དངོས་བརྩོན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་དང་ཀྲུང་ཧའི་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ཁའོ་ཧྲ་ནའོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོར་ཡུན་རིང་ཞིང་འོད་སྟོང་འཚེར་བའི་དཔལ་ཡོན་ལྡན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་སྣེ་ཁྲིད་དང་སྐུལ་འདེད་འོག ཧ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་མུ་མཐུད་དུ་གཏིང་ཟབ་དུ་ཕྱིན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཧ་སག་སི་ཐན་གྱིས་མཐའ་གཅིག་ཏུ་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་གཙོ་གནད་ཐུགས་ཁུར་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཧ་སག་སི་ཐན་གྲོས་ཁང་གིས་ཧ་ཀྲུང་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་དང་། མི་དམངས་བར་གྱི་མཛའ་བརྩེ་དམ་ཟབ་དུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་བྱེད་ནུས་འདོན་སྤེལ་བྱེད་འདོད་ཡོད།

ཧྲི་ཐའེ་ཧྥིན་དང་ཧུའུ་ཁྲུན་ཧྭ། ཝང་ཏུང་ཧྥིན་སོགས་ཐུག་འཕྲད་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།