ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་ཉེར་བཞི་པ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་བཞི་པ་ཚེས24ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་གནང་བའི་སློབ་གནས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་བསམ་འཆར་གྱི་སྙན་ཞུ་དང་། སྒོ་ཁྲལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་བསམ་འཆར་གྱི་སྙན་ཞུ། ཞིང་ལས་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་སོགས་བཅའ་ཁྲིམས3གྱི་དག་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན་ཞིང་། འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་གནང་།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་ཕུལ་བའི《ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིངས་ཡིག》དང《ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་ཆིངས་ཡིག》།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྤྲོད་ཆིངས་ཡིག》།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀེ་རི་སེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྤྲོད་ཆིངས་ཡིག》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཆིངས་ཡིག་ལ་ཆོག་མཆན་བཀོད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་ཚབ་བཟོའི་མ་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་གནང་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་གོང་གསལ་གྱི་འཆར་ཟིན་བཟོ་བཅོས་མ་ཟིན་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་གནང་བར་འབུལ་རྒྱུའི་གྲོས་ཐག་བཅད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་ཝང་ཏུང་མིན། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ། ཐེ་ཉིན། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་བཅས་ཚོགས་འདུར་ཞུགས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།