ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་སྐབས་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་བཏང་སྟེ་མུ་མཐུད་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲུང་ཆིན་གྱི་ལེའུ་རྩོམ་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་སྐབས་སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་བཏང་སྟེ་མུ་མཐུད་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲུང་ཆིན་གྱི་ལེའུ་རྩོམ་དགོས་པར་ནན་གྱིས་བསྟན། ཚའེ་ཆི་མཉམ་དུ་རྟོག་ཞིབ་ལ་ཕེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཁྲུང་ཆིན་གྱིས་དུས་རབས་གསར་པ་དང་བསྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་ལ་དམ་པོར་དམིགས་ཏེ། ལྟོས་བཅས་ཁྱད་སྟོབས་དང་རྗེས་ཐོན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་དུ་གཏོང་རྒྱུ་དང་། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་ལེགས་གཏོང་བ། དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ཀྱི་རྟེན་ས་གལ་ཆེན་དང་སྐམ་སའི་སྒོ་འབྱེད་ཕྱོགས་བསྡུས་ལྟེ་གནས་འབད་པས་བསྐྲུན་པ། “ནུས་པ་གསུམ”འདོན་སྤེལ་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་བཅས་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲུང་ཆིན་གྱི་ལེའུ་རྒྱུན་ཆད་མེད་པར་རྩོམ་དགོས།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་བའི་འཁོར་སྐྱོད་སྙོམ་སྒྲིག་ལྟེ་གནས་སུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཐོག་མར་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་ལ་རྟོག་ཞིབ་གནང་། ཁོང་ནུབ་རྒྱུད་སྐམ་མཚོ་བགྲོད་ལམ་གསར་པའི་ཁྲུང་ཆིན་ཆུ་མེད་གྲུ་ཁ་གཉེར་སྐྱོང་བཀོད་གཏོང་ལྟེ་གནས་སུ་ཕེབས་ནས། བགྲོད་ལམ་གསར་པ་འཛུགས་སྐྲུན་བྱས་པའི་གནས་ཚུལ་གྱི་སྙན་ཞུར་གསན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དངོས་ཟོག་འཁོར་རྒྱུག་ནི་དངོས་ཕུང་དཔལ་འབྱོར་གྱི“རྩ་ལམ”ལྟ་བུ་ཡིན། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ། “སྐམ་མཚོ་དང་རྒྱལ་ཁབ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་ཀྱིས་ཕན་ཚུན་རོགས་རམ”བྱེད་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཆེན་པོ་ལྡན། འབྲེལ་ཡོད་ཕྱོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་དེ་འཛུགས་སྐྲུན་ཡག་པོ་དང་གཉེར་སྐྱོང་ཡག་པོ་བྱས་ཏེ། ནུབ་རྒྱུད་དང་སྐམ་སའི་དབུས་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་ཁྲིད་བྱེད་དགོས། དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱིས་སྔོན་ཐོན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས། མུ་འབྲེལ་སྐྱེལ་འདྲེན་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་རྒྱུ་དང་། ཚན་རིག་དང་མཐུན་པའི་དོ་དམ་ཆུ་ཚད་ཇེ་མཐོར་བཏང་ནས། དེང་རབས་ཟོང་སྐྱེལ་མ་ལག་འཛུགས་སྐྲུན་བྱེད་པའི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱི་ཁྲུང་ཆིན་ལྕགས་ལམ་དོས་སྒམ་ལྟེ་གནས་སུ་ལས་བཟོ་བ་རྣམས་དང་བྱམས་བརྩེའི་ངང་ཁ་བརྡ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱི་ཁྲུང་ཆིན་ལྕགས་ལམ་དོས་སྒམ་ལྟེ་གནས་སུ་ལས་བཟོ་བ་རྣམས་དང་བྱམས་བརྩེའི་ངང་ཁ་བརྡ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱི་ཁྲུང་ཆིན་ལྕགས་ལམ་དོས་སྒམ་ལྟེ་གནས་སུ་ལས་བཟོ་བ་རྣམས་དང་བྱམས་བརྩེའི་ངང་ཁ་བརྡ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱི་ཁྲུང་ཆིན་ལྕགས་ལམ་དོས་སྒམ་ལྟེ་གནས་སུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱི་ཁྲུང་ཆིན་ལྕགས་ལམ་དོས་སྒམ་ལྟེ་གནས་སུ་ལས་བཟོ་བ་རྣམས་དང་བྱམས་བརྩེའི་ངང་ཁ་བརྡ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་རྒྱལ་སྤྱིའི་དངོས་ཟོག་འཁོར་རྒྱུག་ལྟེ་བའི་གླིང་ཁུལ་གྱི་ཁྲུང་ཆིན་ལྕགས་ལམ་དོས་སྒམ་ལྟེ་གནས་སུ་ལས་བཟོ་བ་རྣམས་དང་བྱམས་བརྩེའི་ངང་ཁ་བརྡ་གནང་བཞིན་པའི་ཚུལ་རེད།

དེའི་རྗེས། ཞི་ཅིན་ཕིང་ཁྲུང་ཆིན་ལྕགས་ལམ་དོས་སྒམ་ལྟེ་གནས་ས་ཚིགས་སུ་ཕེབས་ནས། དངོས་ཟོག་བསྡུ་འགྲེམས་དང་སྐྱེལ་འདྲེན་བརྒྱུད་ལམ།  གཉེར་སྐྱོང་མ་རྩ། ཕན་འབྲས་སོགས་ཀྱི་ངོ་སྤྲོད་ལ་གསན་རྗེས། ཟོང་སྐྱེལ་རླངས་འཁོར་ཁ་ལོ་པ་དང་མེ་འཁོར་ཁ་ལོ་པ། འདོན་འཇུག་བཟོ་པ། ས་ཚིགས་དོ་དམ་མི་སྣ་སོགས་དང་བྱམས་བརྩེའི་ངང་གླེང་མོལ་མཛད་ནས། ཁོང་ཚོའི་ལས་ཀ་བྱེད་ཤུགས་དང་ངལ་རྩོལ་སྲུང་སྐྱོབ། དུས་ཆེན་དང་གུང་གསེང་གི་ངལ་གསོའི་རྣམ་པ་དང་ཡོང་འབབ་གནས་ཚུལ་བཅས་ཀྱི་གནས་ཚུལ་འདྲི་རྟོག་མཛད། ཞི་ཅིན་ཕིང་གིས་གསུངས་རྒྱུར། ཚང་མ་ཟོང་སྐྱེལ་གྱི་ལས་ཡུལ་དང་པོ་ན་ཡོད་ལ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཐབ་ཕྱོགས་དང་པོའང་ཡིན། ཁྱོད་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད། གཞི་ནས་ཚོང་ཟོག་མང་པོ་རི་བོ་དང་རྒྱ་མཚོ་བརྒལ་ནས་འཛམ་གླིང་གི་ས་ཆ་གང་སར་ཐོན་ཐུབ་ཀྱིན་ཡོད་པས། ཁྱོད་ཚོའི་ལས་དོན་ལ་དོན་སྙིང་ཆེན་པོ་ལྡན། ནུབ་རྒྱུད་སྒོ་འབྱེད་ཆེན་མོ་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ་ལ་སྐུལ་འདེད་གཏོང་བར་དངོས་ཟོག་འཁོར་རྒྱུག་ནི་ཧ་ཅང་གལ་ཆེ་བས། ཚང་མས་མུ་མཐུད་འབད་བརྩོན་བྱས་ནས་ལས་རྣམ་གསར་པ་བསྐྲུན་པ་དང་བྱས་རྗེས་གསར་པ་འཇོག་དགོས།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་ཚན་རྩལ་གསར་སྐྲུན་དང་ཐོན་ལས་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་ལ་ལྟ་ཞིབ་གནང་བཞིན་པའི་ཚུལ་རེད།

ཞི་ཅིན་ཕིང་གིས་ད་དུང་ཁྲུང་ཆིན་གྱིས་ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁྱམས་ར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་། ཁྲུང་ཆིན་གྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས། ཞི་ཅིན་ཕིང་གིས་བསྟན་དོན། ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁྱམས་ར་བསྐྲུན་རྒྱུ་ནི། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་ཞིག་ཡིན། ཁྲུང་ཆིན་དང་སི་ཁྲོན་ས་ཁུལ་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། དུས་རབས་གསར་པའི་ནུབ་རྒྱུད་ཀྱི“གྲོང་ཁྱེར་གཉིས་མཉམ་འཕེལ་གྱི་ཟིན་ཐོ”བསྐྲུན་དགོས། རྐང་འཛིན་ཐོན་ལས་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་གོང་དུ་སྤེལ་བའི་གཡུལ་ས་གཙོ་བོ་ཡིན། ཁྲུང་ཆིན་གྱི་བཟོ་སྐྲུན་ལས་རིགས་ལ་རང་ངོས་ཀྱི་གྲུབ་ཆའི་ཁྱད་ཆོས་དང་ལེགས་ཆ་ལྡན་པས། ཁྲུང་ཆིན་གྱིས་ཚན་རྩལ་གསར་གཏོད་ཀྱི“རུ་འདྲེན”བྱེད་ནུས་དམ་པོར་བཟུང་ནས། ལེགས་ཆ་དམ་འཛིན་དང་སྐྱོན་ཆ་གསབ་པ། མིག་སྔའི་ཆར་དམ་འཛིན་དང་འབྱུང་འགྱུར་དོན་གཉེར་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་དང་ཡུན་རིང་བྱས་རྗེས་བཞག་ནས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གོང་དགོས།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཅིའུ་ལུང་ཕའོ་ཆུས་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་སྡེ་བའི་གཞིས་ཁུལ་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཅིའུ་ལུང་ཕའོ་ཆུས་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་སྡེ་བའི་གཞིས་ཁུལ་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཅིའུ་ལུང་ཕའོ་ཆུས་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་སྡེ་བའི་གཞིས་ཁུལ་དུ་རྟོག་ཞིབ་གནང་སྐབས་ཟ་ཁང་དུ་མང་ཚོགས་དང་བྱམས་བརྩེའི་ངང་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད།

ཅིའུ་ལུང་ཕའོ་ཆུས་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་སྡེ་བའི་གཞིས་ཁུལ་ནི་གཞིས་ཁུལ་རྙིང་པ་ཞིག་ཡིན་པ་དང་། 2022ལོའི་ལོ་མགོར་གསར་བརྗེའི་སྒྱུར་བཀོད་རྣམ་གྲངས་སྤེལ་མགོ་བརྩམས་པར་མ་ཟད་རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོད་ལྟའི་ནང་ཚུད་ཡོད། ཞི་ཅིན་ཕིང་དེར་ཕེབས་ནས་གཞིས་ཁུལ་སྒྱུར་བཀོད་དང་དམངས་ཕན་སྟབས་བདེ་ཞབས་ཞུའི་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། གཞི་རིམ་གྱི་བཅོས་སྐྱོང་ཕན་ནུས་ཇེ་ཆེར་གཏོང་བ་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བའི་གནས་ཚུལ་ངོ་སྤྲོད་ལ་གསན། ཞི་ཅིན་ཕིང་གིས་བསྟན་དོན། གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱ་རྒྱུ་ནི་གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ཅིག་ཡིན་ལ། དམངས་འཚོ་བཟོ་སྐྲུན་ཞིག་ཀྱང་ཡིན། ལོ་རྒྱུས་ཀྱི་དྲན་ཤེས་དང་ཁྱད་ཆོས། ཉམས་སྣང་བཅས་སོར་འཇོག་བྱེད་དགོས་ལ། གྲོང་མིས་དོ་ཁུར་བྱེད་ཀྱིན་པའི་དོན་དངོས་གནད་དོན་ཡང་ཐག་གཅོད་བྱེད་དགོས་པར་མ་ཟད། དེའི་ཐད་ཀྱི་ཉམས་མྱོང་བཟང་བོ་ཕྱོགས་སྡོམ་དང་ཁྱབ་གདལ་དུ་བཏང་ནས། རྒྱ་ཆེའི་གཞིས་ཁུལ་གྱི་གྲོང་མིར་ཕན་པ་སྔར་ལས་གང་ལེགས་ཐོབ་པར་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་གི་ལས་དོན་མང་པོ་ཞིག་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་གཞིས་ཁུལ་གྱི་སྟེགས་བུར་བརྟེན་ནས་དོན་འཁྱོལ་བྱེད་དགོས་པ་དང་། གྲོང་ཁྱེར་གཞིས་ཁུལ་གྱི་འགན་འཁྲི་དང་དོན་ཚན་གསལ་པོ་བཟོས་ནས། ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་དང་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས། གཞིས་ཁུལ་གྱི་ཞིབ་ཚགས་ཅན་གྱི་བཅོས་སྐྱོང་དང་གནད་འཁེལ་ཅན་གྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཅིའུ་ལུང་ཕའོ་ཆུས་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་སྡེ་བའི་གཞིས་ཁུལ་དུ་རྟོག་ཞིབ་གནང་སྐབས་གཞིས་ཁུལ་སྡོད་དམངས་དང་བྱམས་བརྩེའི་ངང་བརྗེ་རེས་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཅིའུ་ལུང་ཕའོ་ཆུས་ཞེ་ཅ་ཝན་སྲང་ལམ་དམངས་གཙོ་སྡེ་བའི་གཞིས་ཁུལ་དུ་རྟོག་ཞིབ་གནང་སྐབས་གཞིས་ཁུལ་སྡོད་དམངས་དང་བྱམས་བརྩེའི་ངང་བརྗེ་རེས་གནང་བཞིན་པའི་ཚུལ་རེད།

ཞི་ཅིན་ཕིང་ཞལ་གྱེས་སྐབས། གཞིས་ཁུལ་གྱི་སྡོད་དམངས་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ལ་སྐྱེལ་མ་ཞུས། ཞི་ཅིན་ཕིང་གིས་ཚང་མར་གསུངས་རྒྱུར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་འཚོའི་ལས་དོན་གལ་ཆེན་ཡིན། ཏང་དང་སྲིད་གཞུང་གི་བྱ་བ་ཐམས་ཅད་ཀྱི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་ཆེད་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམངས་འཚོའི་གནད་དོན་ཐག་གཅོད་བྱ་ཆེད་ནོར་ཤུགས་དང་དངོས་ཤུགས་སྔར་ལས་གང་མང་བཏང་ནས། ལོ་རེར་དམངས་འཚོའི་དོན་དངོས་མང་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་རྒྱུའི་རེ་བ་ཡོད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་གྲོང་ཁྱེར་གྲངས་ཀ་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་སུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ4པའི་ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་རྟོག་ཞིབ་གནང་། འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་གྲོང་ཁྱེར་གྲངས་ཀ་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་སུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་གྲོང་ཁྱེར་གྱི་གྲངས་ཀ་ཅན་གྱི་གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་ལྟེ་གནས་སུ་རྟོག་ཞིབ་གནང་ནས། ས་གནས་དེ་གས་གྲོང་ཁྱེར་གྱི་གྲངས་ཀ་ཅན་གྱི་ཚུལ་སྒྱུར་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་ཆེ་གྲས་ཀྱི་བཅོས་སྐྱོང་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ་སོགས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་མ་ཟད། མ་ལག་བེད་སྤྱོད་ཀྱི་འཕེལ་རིམ་གསལ་སྟོན་ལ་ཞིབ་གཟིགས་གནང་། ཞི་ཅིན་ཕིང་གིས་བསྟན་དོན། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཕྱོགས་རྒྱུ་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་ནང་དོན་ཞིག་ཡིན། གྲངས་ཀའི་ནུས་པ་ཇེ་ཆེར་གཏོང་བ་དང་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ན། ཅིས་ཀྱང་ཚན་རིག་དང་མཐུན་པའི་སྒོ་ནས་གཞི་གྲངས་ཆེན་པོའི་སྟེགས་བུ་དང་དྲ་རྒྱའི་མ་ལག་ལ་འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་དང་། མཉམ་འབྲེལ་བཀོད་འདོམས་དང་ཕྱོགས་སོ་སོའི་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ལག་བསྟར་བྱེད་ནུས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་བྱ་རྒྱུ་དེ་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་པས། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏན་་ནས་མི་གཏོང་བའི་འགན་འཁྲིའི་འཁུར་སེམས་ལ་བརྟེན་ནས་སྔོན་ཇུས་ཡག་པོར་འགོད་པ་དང་དོ་དམ་ཚོད་འཛིན་གནད་ལ་འཁེལ་བ། མགྱོགས་མྱུར་ངང་ལན་སྟེར་བ་བཅས་བྱས་ཏེ། གནས་ཚུལ་སྣ་མང་ཐག་གཅོད་ནུས་ལྡན་བྱས་ནས། གྲོང་ཁྱེར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱེད་དགོས། ཁྱོད་ཚོས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་ཉམས་མྱོང་གསར་པ་གསོག་འཇོག་བྱེད་རྒྱུའི་རེ་བ་ཡོད།

ཚེས24ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཁྲུང་ཆིན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས། ཁྲུང་ཆིན་གྱིས་ལས་དོན་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲུང་ཆིན་གྱི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཅུང་ལེགས་པ་དང་ཚན་རིག་སློབ་གསོའི་འཇོན་མིའི་ཐོན་ཁུངས་ཕུན་སུམ་ཚོགས་པས། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་སྣོན་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་རིམ་སྤོར་གལ་ཆེན་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་འགྲན་རྩོད་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་གང་ལེགས་བྱེད་དགོས། ཚན་རྩལ་མཁྲེགས་གཏོར་གལ་ཆེན་ལ་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་ཤུགས་ཇེ་ཆེར་གཏོང་བ། ལས་རིགས་གསར་པ་དང་མ་དཔེ་གསར་པ། སྒུལ་ཤུགས་གསར་པ་བཅས་ལེགས་པར་བསྐྱེད་དེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་དགོས། ཁྲིན་ཏུའུ་དང་ཁྲུང་ཆིན་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁྱམས་ར་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་བཏང་ནས། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་འབྱུང་ཁུངས་གསར་པའི་ནུས་པ་སྔར་ལས་བཟང་བོར་འདོན་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ནས། མཛེས་སྡུག་ལྡན་པའི་ཁྲུང་ཆིན་འཛུགས་སྐྲུན་བྱས་ཏེ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་ཡོལ་གལ་ཆེན་སྲ་བརྟན་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྲུང་ཆིན་གྱིས་གཞན་གྱི་སྔོན་ལ་བསྐྱོད་ཕོད་པའི་བློ་སྤོབས་ལ་བརྟེན་ནས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། ཕྱོགས་གཅིག་ནས་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བཏང་སྟེ། འགྲན་རྩོད་ནུས་པ་ཆེ་བའི་རྒྱལ་དབང་ཁེ་ལས་ཁག་ཅིག་གསོ་སྐྱོང་བྱེད་དགོས་ལ། ཕྱོགས་གཞན་ཞིག་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་བསྐྱེད་ཡོང་བར་སྐུལ་འདེད་བཏང་སྟེ། ཚོང་གཉེར་མཁན་སྣ་ཚོགས་ཀྱི་གསོན་ཤུགས་བསྐྱེད་པར་དམ་འཛིན་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོའི་འཛུགས་སྐྲུན་ཁྲོད་འབད་པས་ཞུགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ། རྒྱུད་གཅིག་ལམ་གཅིག་དང་། འབྲི་ཆུའི་དཔལ་འབྱོར་ཁུལ། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་འགུལ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཁྲུང་ཆིན་ནི་རང་རྒྱལ་གྱི་ཁོངས་གཏོགས་ཁུལ་གྱི་རྒྱ་ཁྱོན་ཆེས་ཆེ་བ་དང་མི་འབོར་ཆེས་མང་བའི་གྲོང་ཁྱེར་ཡིན་པས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་ཟབ་སྤེལ་བྱས་ནས། གྲོང་ཁྱེར་ཆེ་གྲས་དེང་རབས་ཅན་དུ་བསྒྱུར་བའི་བཅོས་སྐྱོང་གི་ལམ་བུ་གསར་པ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། རིག་ནུས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། གྲོང་ཁྱེར་འཁོར་སྐྱོད་དང་བཅོས་སྐྱོང་གི་རིག་ནུས་ལྟེ་བ་འཛུགས་སྐྱོང་བྱས་ཏེ། “ཕྱོགས་བསྡུས་ཆེན་མོ་དང་གཞི་གཅིག་ཅན” གྱི་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་བཅོས་སྐྱོང་སྔར་ལས་རིག་ནུས་ལྡན་པ་དང་ནུས་པ་སྔར་ལས་ཆེ་བ། སྔར་ལས་གནད་ལ་འཁེལ་བ་བཅས་ཡོང་བར་འབད་དགོས། ཏང་འཛུགས་ལས་དོན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཟབ་སྤེལ་གཏོང་བ། གོམས་སྲོལ་བསྒྱུར་བར་སྐུལ་འདེད་ནུས་ལྡན་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་ཆུ་ཚད་ཇེ་མཐོར་གཏོང་དགོས། མཉེན་གཤིས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། གནོད་འཚེ་འགོག་པ་དང་གནོད་འཚེ་སེལ་བའི་ནུས་པ་མངོན་སུམ་གྱིས་ཇེ་ཆེར་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྲུང་ཆིན་དུ་གྲོང་ཁྱེར་ཆེ་བ་དང་གྲོང་གསེབ་ཆེ་བ། རི་ཁུལ་ཆེ་བ། ཆུ་མཛོད་ཁུལ་ཆེ་བ་བཅས་གཞི་གཅིག་ཏུ་འདུས་ཡོད་པའི་དབང་གིས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་དགོས། རྫོང་མཁར་གྲོང་ཁྱེར་གྱི་གཞི་རྟེན་གལ་ཆེན་དུ་འཛིན་པའི་མཁར་གྲོང་ཅན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་ལེགས་བཏང་ནས། གྲོང་ཁྱེར་གྱི་བཟོ་ཚོང་མ་རྩ་དང་ཚན་རྩལ། འཇོན་མི་བཅས་གྲོང་གསེབ་ཏུ་ཕྱོགས་པའི་ལས་དོན་ལ་གོ་རིམ་ལྡན་པའི་སྣེ་ཁྲིད་དང་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་རོགས་རམ་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ནན་མོ་བྱས་ཏེ། རི་བབ་ལ་བརྟེན་ནས་སྐྱེ་ཁམས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས། “བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་། ད་ལྟའི་དུས་རིམ་གྱི་ཞིང་པ་མང་ཚོགས་ལ་དགོས་མཁོ་ཆེ་བ་དང་དམ་འཛིན་བྱེད་ཐུབ་པ། དམ་འཛིན་བྱས་ནས་ལོ་འགའ་འགོར་རྗེས་ཕན་འབྲས་ཐོན་ཐུབ་པའི་གཙོ་གནད་དོན་དངོས་ལ་དམ་པོར་དམིགས་ཏེ། ལས་དོན་རེ་རེ་བཞིན་སྒྲུབ་ཐུབ་པར་བྱས་ནས། ཞིང་པ་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས། གཞི་ཁྱོན་ཅན་གྱི་ཡང་བསྐྱར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་པར་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཡུན་ཕན་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་ལས་སྒྲུབ་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ནས། བདེན་འཛིན་དངོས་གཉེར་དང་ཡར་རྒྱས་བརྩོན་ལེན། ཁག་ཁུར་འབད་བརྩོན་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་རྒྱུན་མཐུད་ངང་ཟབ་སྤེལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་སྟེ། གཞི་རིམ་ལས་བྱེད་པས་ལས་སྒྲུབ་བྱ་རྒྱུར་ཆ་རྐྱེན་བཟང་པོ་བསྐྲུན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་བར་ཁྲིད་སྟོན་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་དང་ཆད་པ་གཅོད་པའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་འབྱུང་བའི་ས་རྒྱུ་དང་ཆ་རྐྱེན་ཟམ་མི་ཆད་པར་མེད་པར་བཏང་ནས། སྤྱོད་བཟང་བབ་གཙང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རེན་ཚའེ་ཆི་རྟོག་ཞིབ་ལ་ཕེབས་རོགས་གནང་།

ལི་ཀན་ཅེ་དང་ཧི་ལིས་ཧྥུན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་གནང་རོགས་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།