ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་མའོ་ཞི་ཁོའི་གྲོས་ཁང་བཙུགས་ནས་ལོ་འཁོར200ལོན་པའི་རྟེན་འབྲེལ་བྱ་འགུལ་ལ་བརྙན་ལམ་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོ་གྲོས་ཁང་གི་གྲོས་དཔོན་ལི་ཝེ་ལ་ཡིས་གདན་ཞུ་བྱས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མའོ་ཞི་ཁོའི་ས་གནས་ཀྱི་དུས་ཚོད་ཚེས23ཉིན་མའོ་ཞི་ཁོའི་གྲོས་ཁང་བཙུགས་ནས་ལོ་འཁོར200ལོན་པི་རྟེན་འབྲེལ་བྱ་འགུལ་ལ་བརྙན་ལམ་ནས་ཤིས་ཚིག་ཕུལ།

ཀྲའོ་ལེ་ཅི་ཡིས་ཤིས་ཚིག་ཁྲོད་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱི་ཚབ་ཞུས་ནས་མའོ་ཞི་ཁོའི་གྲོས་ཁང་བཙུགས་ནས་ལོ་འཁོར200ལོན་པར་དགའ་སྤྲོའི་ངང་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ཀྲུང་གོ་དང་མའོ་ཞི་ཁོའི་བར་ཐག་རིང་ན་ཡང་། མཛའ་མཐུན་གྱི་ལོ་རྒྱུས་ཡུན་རིང་བ་ཡིན་ལ། མི་དམངས་བར་ཕན་ཚུན་མཛའ་བརྩེ་ལྡན་པ་ཡིན། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ཚུན། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་གནང་སྟེ། ཆབ་སྲིད་ཀྱི་ཡིད་རྟོན་ཉིན་བཞིན་གཏིང་ཟབ་དུ་ཕྱིན་ཡོད་ལ། དངོས་བརྩོན་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཐོག་གི་ཁེ་ཕན་མང་པོ་བསྐྲུན་ཡོད། ན་ནིང་གི་ཟླ11པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལའོ་ཕའེ་སི་ཡིས་བདེ་བླག་ངང་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་སྣེ་ཁྲིད་མཛད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་འཆར་འགོད་བཟོས་ཡོད། ཀྲུང་མའོ་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཁ་གསབ་རང་བཞིན། གཉིས་ཕན་རང་བཞིན་བཅས་མུ་མཐུད་དུ་མངོན་གསལ་དུ་གྱུར་ཡོད། ཀྲུང་གོས་མའོ་ཞི་ཁོ་དང་མཉམ་དུ་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་དང་གཉིས་ཕན་ལེགས་ཆ་ཁ་གསབ་སྒོས་ཀྲུང་མའོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་མའོ་ཞི་ཁའོ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་བར་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱས་ཤིང་། 2010ལོ་ནས་བཟུང་ཀྲུང་མའོ་ཁྲིམས་འཛུགས་ལས་ཁུངས་བར་གྱི་ཁ་བརྡ་གླེང་སྟེགས་ཐེངས5ལ་བསྒྲུབས་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རིམ་པ་མང་པོ་དང་ཁྱབ་ཁོངས་མང་པོའི་བར་གྱི་འགྲོ་འོང་བརྗེ་རེས་གཏིང་ཟབ་དུ་བཏང་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་ལས་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་དང་། ཀྲུང་མའོ་མཛའ་མཐུན་གྱི་སྤྱི་ཚོགས་དང་དམངས་སེམེས་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། མའོ་ཞི་ཁོ་ཡིས་ལ་མའེ་ས་ཁུལ་དང་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ཐེབས་བཞིན་ཡོད། ཀྲུང་གོས་མའོ་ཞི་ཁོ་འདུས་པའི་ལ་མའེ་རྒྱལ་ཁབ་བར་གྱི་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཐུན་མོང་ཐོག་འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཀྲུང་མའོ་དང་ཀྲུང་ལ་འབྲེལ་བ་ཡུན་རིང་གཏན་འཇགས་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ལའི་ལས་དབང་གཅིག་མཐུན་ཚོགས་པགསར་འཛུགས་བྱེད་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།