ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ལ་ཁེ་ཕན་བསྐྲུན་པ་དང་མཉམ་དུ་བདེ་སྐྱིད་འཚོ་བ་ལོངས་སྤྱོད་བྱེད་པ་བརྗོད་དོན་ཡིན་པའི2024ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་སྐུལ་འདེད་བྱ་འགུལ་ཚེས23ཉིན་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧེ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས།

2024ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་སྐུལ་འདེད་བྱ་འགུལ་དེ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། བྱ་འགུལ་གྱི་དུས་ཚོད་ནི2024ལོའི་ཟླ4པ་ནས2025ལོའི་ཟླ2པའི་བར་ཡིན་པ་དང་། དེ་ནི་རྒྱལ་ཡོངས་ཀྱི“ལྔ་གཅིག”རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཟའ་འཁོར། དབྱར་ཁའི་གུང་གསེང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚོད། རྒྱལ་སྟོན་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཟླ་བ་དང་དཔྱིད་གསར་དུས་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཟླ་བ་དང་ཆེད་དོན་འཛད་སྤྱོད་སྐུལ་འདེད་བྱ་འགུལ་སོགས་ཀྱི་ཆ་ཤས་སུ་དབྱེ་ཡོད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་འབྲེལ་ཡོད་ས་གནས་དང་མཉམ་དུ་ཆེད་དོན་བརྗོད་གཞིའི་བྱ་འགུལ་གཉེར་རྒྱུ་དང་ས་གནས་ཁག་དང་རྒྱབ་སྐྱོར་ཚན་པ་ཁག་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དུས་མཚུངས་ཡན་ལག་ཚོགས་རའི་བྱ་འགུལ་སྤེལ་ནས་སྲིད་གཞུང་དང་ཁེ་ལས་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མཉམ་དུ་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱ་འགུལ་དང་འཛད་སྤྱོད་རྣམ་པ་གསར་པ། འཛད་སྤྱོད་དམངས་ཕན་བྱེད་ཐབས་བཅས་བཏོན་ནས་ཁེ་ལས་ལ་ཕན་པ་ཐོབ་པ་དང་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱ་རྒྱུ་རེད།

“གྲོང་ཁྱེར་བརྒྱ་དང་ཁུལ་བརྒྱ”ཡི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འགུལ་སྐྱོད་འཆར་གཞིའི་ཆེད་དོན་རིམ་བསྟར་བྱ་འགུལ་དུས་མཚུངས་སུ་སྤེལ་བ་རེད། རྒྱུས་ལོན་པ་ལྟར་ན། ད་ལོ་རིག་གནས་དང་ཡུལ་སྐོར་པུའི་ཐོན་ལས་འཕེལ་རྒྱས་སིས་མུ་མཐུད་ཀྲུང་གོ་དངུལ་ཁང་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་རྒྱབ་སྐྱོར་ལས་ཁུངས་སོ་སོ་དང་མཉམ་དུ་འགུལ་སྐྱོད་འཆར་གཞི་དེ་ལག་བསྟར་བྱས་ནས། འཛད་སྤྱོད་དམངས་ཕན་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། འཛད་སྤྱོད་སྐུལ་འདེད་བྱ་འགུལ་སྤེལ་བ། ཐོན་རྫས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། འཛད་སྤྱོད་སྟབས་བདེ་ཆེ་རུ་གཏོང་བ། ས་ཁོངས་འཛད་སྤྱོད་མཉམ་འགུལ་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས6གི་ཐད་ནས་འཛད་སྤྱོད་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།