ཀྲུང་གོ་བོད་ཀྱི་དྲ་བ།

དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པ་ཡུན་ནན་ཁུན་མིང་དུ་འཚོགས་མགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས23ཉིན། དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གསུམ་པ་ཡུན་ནན་ཁུན་མིང་དུ་འཚོགས་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་རིག་གནས་དར་རྒྱས་དང་རྒྱལ་ཁབ་སྟོབས་རྒྱས། མི་རིགས་བསྐྱར་དར་བཅས་གཏོང་དགོས་ན་དཔེ་ཀློག་ལས་བྱུང་བའི་རིག་གནས་གསོགས་འཇོག་དང་བསམ་པའི་སྟོབས་ཤུགས་དང་ཁ་འབྲལ་ཐབས་མེད་ལ། ཞི་ཅིན་ཕིང་གི་རིག་གནས་བསམ་བློར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་དགོས་ན་དཔེ་ཀློག་གི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས་པ་མ་ཟད། དཔེ་ཆ་ཀློག་པ་ཡིས་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱུན་ཆད་མེད་པར་དཔེ་ཀློག་གི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་གི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་ངོས་འཛིན་བྱེད་བཞིན་ཡོད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཞིན་མགོ་རྩོམ་མཛད་སྒོར་ཞུགས། 

ཐེངས་འདིའི་ཚོགས་ཆེན་གྱིས“སྤྱི་ཚོགས་ཡོངས་ལ་དཔེ་ཆའི་དྲི་ཞིམ་ཁྱབ་པར་བྱས་ཏེ་དེང་རབས་ཀྱི་ཤེས་དཔལ་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དཔེ་ཀློག་ཁྱབ་གདལ་དང་བརྗོད་དོན་གཙོ་བོའི་ཁྱབ་བསྒྲགས། དམངས་ཡོངས་ཀྱི་དཔེ་ཀློག་འཆད་ཁྲིད་ཆེན་མོ། དཔྱིད་གྲོང་གི་དཔེ་ཆའི་དྲི་ཞིམ་བར་ཁྱམས་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་ཡིན་ལ། དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་སྤྱི་ཚོགས་ཡོངས་སུ་དཔེ་ཀློག་ལ་དགའ་བ་དང་དཔེ་ཀློག་ཡག་པོ་བྱེད་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་དར་སྲོལ་བཟང་པོ་གསོ་སྐྱོང་བྱ་རྒྱུ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།