ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཚགས་དམ་པ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན།

ཉིན་ཤས་རིང་།   ས་གནས་ཁག་དང་།  ཚན་པ་ཁག ལས་ཁུངས་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། བཀོད་ཇུས་བཀོད་སྒྲིག་ཞིབ་ཚགས་བྱེད་པ། སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱེད་པ་བརྒྱུད།   ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་དོན་དངོས་སུ་སྤེལ་བར་སྐུལ་འདེད་བཏང་ཡོད།   

ཀྲེ་ཅང་དབྱི་ཝུའུ་གྲོང་ནུབ་སྲང་ལམ་དུ་མཉམ་སྡེབ་སློབ་སྦྱོང་བྱེད་བཞིན་ཡོད། ཁབ་བསླས་ཁེ་ལས་ཤིག་གི་ཏང་ཀྲི་པུའི་ཧྲུའུ་ཅི་ལུའུ་ཡོན་ཁུའུ་ཡིས།  གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》ལ་སློབ་སྦྱོང་གཏིང་ཟབ་བྱས་པས་ཚང་མའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་གུས་ཤིང་སྐྲག་པའི་བསམ་པ་ཆེ་རུ་ཕྱིན་ཡོད་ཅེས་གསུངས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཀྲེ་ཅང་ཞིང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བྱ་ཐབས་གཙོ་བོ་ཁག9བཏོན་ནས《སྲོལ་ཡིག》སློབ་སྦྱོང་དང་དམ་པོར་སྦྲེལ་ནས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་ཕན་འབྲས་ངོ་མ་ཐོན་ཐུབ་པའི་འགན་ལེན་བྱས་ཡོད། ཀྲེ་ཅང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་ཡེ་ཆང་གིས།  རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་དང་།  དཔེ་ཀློག་འཛིན་གྲྭ གཅིག་སྡུད་རང་སྦྱོང་སོགས་ཀྱི་རྣམ་པས《སྲོལ་ཡིག》ལེའུ་རེ་རེ་བཞིན་སློབ་སྦྱོང་ཡག་པོ་བྱེད་བཞིན་ཡོད།  གྱོད་དོན་ལ་བརྟེན་ནས་ཀུན་སྤྱོད་ཤོད་པ་དང་།  གྱོད་དོན་ལ་བརྟེན་ནས་སྒྲིག་ལམ་ཤོད་པ།  གྱོད་དོན་ལ་བརྟེན་ནས་ཁྲིམས་ཤོད་པ། གྱོད་དོན་ལ་བརྟེན་ནས་འགན་འཁྲི་ཤོད་པ་བཅས་ཀྱི་སློབ་གསོ་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་གྱོད་དོན་དེ་དག་སྤང་བྱར་བྱེད་པ་དང་།   གོ་རྟོགས་སླེབས་ནས་བྱ་སྤྱོད་ཀྱི་མཚམས་ཚོད་ཤེར་པར་བྱས་ཡོད།   རིམ་ཁག་ཏང་གི་སློབ་གྲྭ《སྲིད་འཛིན་སློབ་གླིང》སྒྲིག་འཛུགས་བྱས་ཏེ་སློབ་ཚན་སྤུས་ལེགས་ཁག་གཅིག་བཟོས་ནས《སྲོལ་ཡིག》ལ་གསལ་འགྲེལ་བྱེད་པའི་སྦྱོང་བརྡར་སྤེལ་བ་བརྒྱུད། གསལ་འགྲེལ་དང་གསོ་སྦྱོང་གི་ཁྱབ་རྒྱ་ཆེ་རུ་བཏང་ཡོད།

ཧེ་ལུང་ཅང་ཞིང་ཆེན་གི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།   མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་བཅོས་སྒྲིག་བྱེད་པ།  ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ནུས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས།  སྒྲིག་ཁྲིམས་སློབ་གསོ་རྒྱུན་ལྡན་དང་ཡུན་ཕན་ཡོང་བར་བྱས། ཧེ་ལུང་ཅང་ཞིང་ཨུད་རྩ་འཛུགས་པུའི་རྩ་འཛུགས་ཁྲུའུ་དང་པོའི་ཁྲུའུ་ཀྲང་པའོ་ཝུའེ་ཡུས་ཀྱིས།  ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་།  རིགས་པའི་གཞུང་ལུགས་ལྟེ་གནས་ཚོགས་ཆུང་གི་སློབ་སྦྱོང་།  ཉེན་བརྡའི་སློབ་གསོ། གསལ་འགྲེལ་གསོ་སྦྱོང་སོགས་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གཏིང་ཟབ་དང་གསལ་པོར་རྟོགས་པ་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་མཐར་ཕྱིན་པ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁྱོན་ཡོངས་ལ་ཁྱབ་པར་བྱ་དགོས་ཞེས་གསུངས།

མཚོ་སྔོན་ཞིང་ཆེན་གྱིས《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུར་དམ་པོར་དམིགས་ནས།  ཚད་གཞི་མཐོ་ཞིང་སྤུས་ཚད་ལེགས་པའི་ངང་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའི་ཞུའེ་ཁྲེང་ལུང་གིས།  ཞིང་ཆེན་གྱི་གནས་ཚུལ་ངོ་མ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གཤིས་དང་ཏང་སྲོལ།  ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས།  ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གལ་ཆེ་ཤོས་སུ་འཇོག་རྒྱུ་ཁ་གསལ་དུ་བཏོན་ནས།  ཏང་གི་སྒྲིག་ཁྲིམས་ཁག་མཚོ་སྔོན་དུ་ནན་དུ་གཏོང་བ་དང་ཏན་ཏིག་ཏུ་གཏོང་བར་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས། །

 
རྩོམ་སྒྲིག་པ། : 才让东珠