ཀྲུང་གོ་བོད་ཀྱི་དྲ་བ།

ཚེས22ཉིན་ནས་ཚེས23ཉིན་བར་ཐེ་ཝན་ལེན་ཧྭ་རྫོང་དང་དེའི་ཉེ་འཁོར་མཚོ་འགྲམ་དུ་ཚད་རིམ4.0ཡན་གྱི་ས་ཡོམ་ཐེངས26བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར། ཀྲུང་གོ་ས་ཡོམ་དྲ་བའི་བརྟག་དཔྱད་བྱས་པར། ཚེས22ཉིན་གྱི་ཆུ་ཚོད17དང་སྐར་མ8ནས་ཚེས23ཉིན་གྱི་ཐོ་རངས་ཆུ་ཚོད3དང་སྐར་མ34བར། ཐེ་ཝན་ལེན་ཧྭ་རྫོང་དང་དེའི་ཉེ་འཁོར་མཚོ་འགྲམ་དུ་ཚད་རིམ4.0ཡན་གྱི་ས་ཡོམ་ཐེངས26བྱུང་བ་དང་། དེའི་ཁྲོད་ཚད་རིམ5.0ཡན་གྱི་ས་ཡོམ་ཐེངས7དང་ཚད་རིམ6.0ཡན་གྱིས་ཡོམ་ཐེངས2བྱུང་བ་དང་། ཚང་མ་ཟླ4བའི་ཚེས3ཉིན་བྱུང་བའི་ཐེ་ཝན་ལེན་ཧྭ་རྫོང་དང་དེའི་ཉེ་འཁོར་མཚོ་འགྲམ་དུ་ཚད་རིམ7.3ཅན་གྱི་ས་ཡོམ་བྱུང་བའི་ཡོམ་འཕྲོ་རེད།  །

 
རྩོམ་སྒྲིག་པ། : 才让东珠