ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་རྒྱལ་ཡོངས་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི303གསར་སྣོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ4པའི་ཚེས23ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོོར་རྒྱལ་ཡོངས་མཁར་གྲོང་གི་ལས་ཞུགས་མི་གྲངས་ཁྲི303གསར་སྣོན་བྱུང་ཡོད། ད་ལོའི་མི་གྲངས་ཁྲི1200ཡན་གྱི་མཁར་གྲོང་གསར་སྣོན་ལས་ཞུགས་དམིགས་ཚད་ལྟར་ན། དུས་ཚིགས་དང་པོར་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི་བཞི་ཆའི་གཅིག་ལེགས་འགྲུབ་བྱས་ཡོད། ཟླ3པར་རྒྱལ་ཡོངས་མཁར་གྲོང་དུ་བརྟག་བཤེར་བྱས་པའི་ལས་ཤོར་བྱུང་ཚད5.2%ལ་སླེབས་པ་དང་། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་འཇགས་རེད།

མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསར་འགྱུར་ཁྱབ་སྒྲོག་མི་སྣ་ཁྲེན་ཧྥིན་གྱིས་བསྟན་དོན། རྗེས་མར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ལས་ཞུགས་སྐུལ་སྤེལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མགྱོགས་མྱུར་ངང་སྤུས་ཚད་མཐོ་བའི་ལས་ཞུགས་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྔོན་ཐོན་གསར་སྐྲུན་ལས་རིགས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་སྤེལ་མགོ་བརྩམས་ནས། སྐོར་ཐེངས་གསར་པའི་འགན་བཅོལ་གྱིས་ཁེ་ལས་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འདོན་རྒྱུ་ཡིན། གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་མ་ལག་འཐུས་ཚང་དུ་བཏང་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཡིག་ཆ་འདོན་པ་དང་། དཀའ་ངལ་མཐར་ཕྱིན་སློབ་མའི་ཆེད་དམིགས་རོགས་སྐྱོར་ལ་ཤུགས་བསྣན་ཏེ2024ལོའི་རྒྱབ་སྐྱོར་གསུམ་དང་རོགས་འདེགས་གཅིག་གི་འཆར་གཞི་ལག་བསྟར་བྱ་བ་མགོ་རྩོམ་དགོས། ལས་རིགས་ནུས་རྩལ་གསོ་སྦྱོང་གི་ནུས་ཤུགས་ཇེ་ཆེར་བཏང་ནས། སྔོན་ཐོན་གསར་སྐྲུན་དང་དེང་རབས་ཞབས་ཞུ། རྒན་གསོ་བདག་སྐྱོང་སོགས་ཁྱབ་ཁོངས་ཀྱི་འཇོན་མི་དགོས་མཁོ་ལ་བསྟུན་ནས། གཞི་ཁྱོན་ཆེན་པོས་ལས་རིགས་ནུས་རྩལ་གསོ་སྦྱོང་སྤེལ་དགོས། གནད་ཁེལ་ལས་ཞུགས་ཞབས་ཞུ་ལ་ཤུགས་བསྣན་ཏེ། བརྟན་རླིང་ངང་དམངས་གཉེར་ཁེ་ལས་ཀྱི་གདན་ཞུ་ཟླ་བ་དང་ཉིན་བརྒྱའི་གདན་ཞུ་སོགས་ལས་ཞུགས་ཞབས་ཞུ་བྱ་འགུལ་སྤེལ་བ་དང་། ཐད་གཏོང་ལས་རྐང་ཁྱབ་སྤེལ་སོགས་ཀྱི་རྣམ་པ་ཁྱབ་གདལ་དུ་གཏོང་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།