ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་ཆུའི་གཏོར་སྐྱོན་ཉམས་གསོ་བྱེད་པའི་ལས་གཞི་གལ་ཆེན་ཁྲོད་བཅུ་ཆའི་དགུ་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆུ་བེད་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲུན་མིན་གྱིས་ཚེས22ཉིན་བསྟན་དོན། ཟླ4པའི་ཚེས19ཉིན་བར་རྒྱལ་ཡོངས་སུ་ཆུ་བེད་པུའུ་ཡིས་བསྡོམས་རྩིས་ཁྱབ་ཁོངས་ནང་ཚུད་པའི་ཆུའི་གཏོར་སྐྱོན་ཉམས་གསོ་བྱེད་པའི་ལས་གཞི་གལ་ཆེན5542ཁྲོད་ལས་གཞི5112ལེགས་འགྲུབ་བྱུང་ལ། སྤྱིའི་སླར་གསོ་བྱུང་ཚད92.2%ལ་སླེབས་ཡོད། འཆར་གཞི་ལྟར་ན་ད་ལོའི་ཟླ6པའི་ཟླ་མཇུག་སྔོན་ལ་ལས་གཞི་ཆ་ཚང་ཡོངས་འགྲུབ་བྱ་རྒྱུ་རེད། 

ཁྲུན་མིན་གྱིས། ཆུ་བེད་པུའུ་ཡིས་བསྡུས་པའི2024ལོའི་དུས་ཚིགས་དང་པོ་སྐབས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་འཕེལ་རིམ་དང་གྲུབ་འབྲས་ཐད་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། ད་ལོར་ཆུ་བེད་བཟོ་འགོད་ཀྱི་ལས་གཞི་ཅུང་མང་ལ། ལྷག་པར་དུ་རྒྱལ་བུན་འཕར་སྤྲོད་ཀྱི་ཆུ་བེད་རྣམ་གྲངས་ཀྱི་གྲངས་འབོར་ཅུང་མང་བ་རེད། དེའི་ཁྲོད་ཆུའི་གཏོར་སྐྱོན་ཉམས་གསོ་ཚུད་པའི་ལས་གཞི་ལ་ལྷག་ཏུ་མཐོང་ཆེན་བྱེད་དགོས་ཚུལ་བསྟན། 

ན་ནིང་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ་བཅས་ས་ཁུལ་ལ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་ཕོག་པ་རེད། བསྡོམས་རྩིས་ལས་མངོན་པ་ལྟར་ན།  ཟླ4པའི་ཚེས19ཉིན་བར་པེ་ཅིན་དང་ཐེན་ཅིན། ཧྲང་ཧེ་བཅས་དང་དེ་འབྲེལ་གྱི་བཞུར་རྒྱུན་ས་ཁུལ་དུ་ཆུ་ལོག་དང་ཞོད་སྐྱོན་མི་འབྱུང་ཆེད་ཁྱོན་བསྡོམས་ཆུའི་གཏོར་སྐྱོན་ཉམས་གསོ་བྱེད་པའི་གལ་ཆེན་ལས་གཞི412ཁྲོད་ལས་གཞི362ལེགས་འགྲུབ་བྱུང་ལ། སླར་གསོ་བྱས་ཚད87.9%ལ་སླེབས་ཡོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།