ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཞའོ་ཧུང་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་ཚོགས་འདུའི་སྟེང་རྒྱལ་ཁབ་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་མུ་མཐུད་དུ་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚེས22ཉིན་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བརྙན་ལམ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་གཏིང་ཟབ་བྱས་ཏེ། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ནས། སྔར་ལས་ལངས་གནས་མཐོ་བ་དང་སྔར་ལས་ཚད་གཞི་མཐོ་བའི་སྒོ་ནས་ཉེ་ལམ་བདེ་སྲུང་བརྟན་སྲུང་གི་བྱ་བར་དམ་འཛིན་ལེགས་པོ་བྱེད་པ་དང་། ལྔ་གཅིག་སོགས་དུས་ཆེན་གལ་ཆེན་སྐབས་ཀྱི་སྤྱི་ཚོགས་བདེ་སྐྱོང་བདེ་འཇགས་ལ་གོ་རིམ་ལྡན་པར་བྱས་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་མུ་མཐུད་དུ་གཏན་འཇགས་ཡོང་བར་ཁག་ཐེག་བྱས་ཏེ། དངོས་ཡོད་བྱ་སྤྱོད་ཀྱིས་ཏང་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་སྤྲོད་དགོས།

ཝང་ཞའོ་ཧུང་གིས་བླང་བྱ་བཏོན་དོན། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དངོས་འབེབས་བྱས་ཏེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་གཙོ་གནད་བྱ་བར་དམ་འཛིན་བྱས་ཏེ། མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་དང་ཧུར་ཐག་གིས་རྒྱལ་ཁབ་བདེ་འཇགས་བྱ་བའི་སྤྱིའི་གནས་བབ་སྲུང་སྐྱོང་གསར་སྐྲུན་བྱེད་དགོས། ཆེད་ལས་དང་ལམ་ལུགས། གཞི་གྲངས་ཆེན་མོ་བཅས་ཀྱི་གསར་དར་ཉེན་དོན་འཁོར་རྒྱུག་རྣམ་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མགྱོགས་མྱུར་ངང་གསར་སྐྱེས་སྤྱི་བདེ་འཐབ་རྩོད་ནུས་པ་ཆགས་པ་དང་མཐོར་འདེགས་སུ་གཏོང་དགོས། གནད་འགག་བྱེད་ཐབས་སྣ་ཚོགས་དངོས་འབེབས་དང་དམ་འཛིན་བྱས་ནས། མཐའ་གཅིག་ཏུ་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། མུ་མཐུད་དུ་དྲག་རྡུང་མཐོ་གནོན་བྱས་ཏེ་སྤྱི་ཡོངས་ཀྱི་འགོག་སྡོམ་ལ་ཤུགས་སྣོན་བྱེད་པ་དང་། བདེ་འཇགས་ལྟ་སྐུལ་ལ་དམ་འཛིན་བྱས་ཏེ་སྤྱི་བའི་བདེ་འཇགས་སྲུང་སྐྱོབ་ཞིབ་ཕྲ་བཟོ་དགོས། རྨང་བརྟན་སྟེགས་བསྐྲུན་གྱི་གཙོ་གནད་བྱ་བ་གཙིགས་སུ་བཟུང་སྟེ། བཅོས་སྒྱུར་ཇུས་འགོད་ཞིབ་བཟོ་དང་རྨང་གཞི་དངོས་བསྒྱུར་སྲ་བཟོ། ཁྲིམས་འཛིན་སྤུས་ཕན་མཐོར་འདེགས་བཅས་བྱེད་དགོས། དཔུང་སྡེའི་དོ་དམ་གཟབ་ནན་དུ་བཏང་ནས་ཆབ་སྲིད་ཉེན་རྟོག་འབུར་དུ་བཏོད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་གོ་སྐབས་སུ་བཟུང་ནས་སྒྲིག་ཁྲིམས་འཛུགས་སྐྲུན་གཏིང་ཟབ་དང་བྱ་བའི་ཀུན་སྤྱོད་ལེགས་བཅོས་བྱས་ཏེ། དཔུང་སྡེས་རྣམ་པ་ལེགས་པོ་རྒྱུན་འཁྱོངས་བྱེད་པར་ཁག་ཐེག་བྱེད་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།