ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧུང་ཀྲུང་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་རིགས་ཀྱི་རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས(ཨའོ་མོན)ཀྱི་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ཚེས22ཉིན་ཨའོ་མོན་དུ་ཀྲུང་གོ་དང་ཕུའུ་ཐའོ་ཡའི་སྐད་རིགས་ཀྱི་རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས(ཨའོ་མོན)ཀྱི་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ལི་ཧུང་ཀྲུང་གིས་བསྟན་དོན། ཀྲུང་ཕུའུ་གླེང་སྟེགས་བཙུགས་ནས་ལོ་ངོ21འགོར་བའི་རིང་། སྐད་ཡིག་རིག་གནས་ལ་བརྟེན་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་བརྗོད་དོན་དུ་འཛིན་པ་དང་། ཐུན་མོང་འཕེལ་རྒྱས་དམིགས་འབེན་དུ་བཟུང་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད། ཀྲུང་གོ་དང་ཕུའུ་ཐའོ་ཡ་རྒྱལ་ཁབ་ཀྱི་མཉམ་ལས་ནི་སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་རིག་གནས་རྒྱབ་ལྗོངས་མི་འདྲ་བ། འཕེལ་རྒྱས་དུས་རིམ་མི་འདྲ་བ། རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་དཔེ་མཚོན་དུ་གྱུར་ཡོད།

ལི་ཧུང་ཀྲུང་གིས་བསྟན་དོན། ཀྲུང་གོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་ལ་སྟོབས་ཆེའི་སྒུལ་ཤུགས་བསྣན་ཡོད། ཀྲུང་གོས་ཕུའུ་ཐའོ་ཡ་སྐད་རིགས་ཀྱི་རྒྱལ་ཁབ་དང་མཉམ་དུ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། ཨའོ་མོན་ཉོ་ཚོང་མཉམ་ལས་ཞབས་ཞུ་སྟེགས་བུའི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཀྲུང་ཕུའུ་མཉམ་ལས་དེ་སྔར་ལས་ཁྱབ་ཚད་ཆེ་བ་དང་སྔར་ལས་ཁྱབ་ཁོངས་ཆེ་བ། སྔར་ལས་རིམ་པ་མཐོ་བའི་ཕྱོགསས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་སྒོ་འབྱེད་ཁོང་ཡངས་ཀྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་འདོད་ཡོད། 

ཚོགས་འདུས་ཀྲུང་གོ་སྲིད་གཞུང་གིས་དུས་རིམ་རྗེས་མར་ཕུའུ་ཐའོ་ཡ་སྐད་རིགས་ཀྱི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས20ཁྱབ་བསྒྲགས་བྱས་པ་དང་། ཕུའུ་ཐའོ་ཡ་སྐད་རིགས་རྒྱལ་ཁབ་ཁེ་ལས་ཀྱིས་ཀྲུང་གོའི་ཚོང་ར་ཇེ་ཆེར་བཏང་ནས་ཀྲུང་གོའི་འཕེལ་རྒྱས་ཁེ་ཕན་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུས། ཨན་ཀི་ལ་དང་པ་ཞི། ཧྥའོ་ཏི་ཅའོ། ཅི་ནེ་ཡ་པིས་ཧྲའོ། ཐིག་དམར་ཅི་ནེ་ཡ། མའོ་སང་པིས་ཁི། ཕུའུ་ཐའོ་ཡ། ཧྲིན་ཏའོ་མའེ་ཧི་ཕུའུ་ལིན་ཞི་པིས། ཏུང་ཏིས་ཝིན་སོགས་ཕུའུ་ཐའོ་ཡ་སྐད་རིགས་ཀྱི་རྒྱལ་ཁབ9དང་ཀྲུང་གོའི་ནང་ལོགས་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སོགས་ཀྱི་སྐུ་མགྲོན་བསྡོམས་པས་མི1000ལྷག་ཚོགས་འདུར་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།