ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བདུན་པར་མགོ་འཛིན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“མ་རྩའི་ཁྲོམ་རའི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ནས། མ་རྩའི་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་བདུན་པ་སྤེལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མ་རྩའི་ཁྲོམ་ར་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་ནས། བདེ་འཇགས་དང་ཚད་ལྡན། ཡོངས་བསྒྲགས། སྒོ་འབྱེད། གསོན་ཤུགས་དང་མཉེན་གཤིས་ལྡན་པ་བཅས་ཀྱི་མ་རྩའི་ཁྲོམ་ར་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས། མ་རྩའི་ཁྲོམ་རའི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱས་ཏེ། དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས།

ཟླ4པའི་ཚེས22ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“མ་རྩའི་ཁྲོམ་རའི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ནས། མ་རྩའི་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས་ཆེད་དོན་སློབ་སྦྱོང་ཐེངས་བདུན་པ་སྤེལ།

པེ་ཅིན་སློབ་ཆེན་ཀོང་ཧྭ་དོ་དམ་སློབ་གླིང་གི་སློབ་གཙོ་ལིའུ་ཆའོ་ཡིས་འཆད་ཁྲིད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་ལིའུ་གོ་ཀྲུང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་གྱིས་ཡིག་ཐོག་གཏམ་བཤད་རྒྱུ་ཆ་སྤྲད།

ལི་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་མཉན་རྗེས་བསྟན་དོན། མ་རྩའི་ཁྲོམ་ར་ནི་དེང་རབས་དངུལ་རྩའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱི་མ་རྩའི་ཚོང་ར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། མ་རྩ་ཚོང་རའི་བྱ་བ་ལེགས་པར་སྒྲུབ་པར་ཕྱོགས་བསྡུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ལ། ཆེད་ལས་རང་བཞིན་ཡང་ཧ་ཅང་ཆེན་པོ་ལྡན། མ་ལག་གི་འདུ་ཤེས་དང་ཆེད་ལས་ཀྱི་བསམ་གཞིགས་ལ་བརྟེན་ནས། མ་རྩའི་ཚོང་ར་འཁོར་སྐྱོད་བྱེད་པའི་གཞི་རྩའི་ཆོས་ཉིད་ལ་ངོས་འཛིན་བྱེད་རྒྱུ་དང་། ལོ་རྒྱུས་དང་འཕེལ་རྒྱས་ཀྱི་མིག་རྒྱང་ལ་བརྟེན་ནས། རང་རྒྱལ་གྱི་མ་རྩ་ཚོང་རའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་སྤྱིའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་དེ་དཔྱད་གཞིར་འཛིན་མཁས་བྱེད་དགོས་པར་མ་ཟད། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་དུས་བབ་ཀྱི་གནས་སྟངས། ཡུལ་བབ་བཅས་ནས་རྐང་ཚུགས་ཐུབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚོང་རའི་འདུ་ཤེས་བེད་སྤྱོད་བྱས་ནས་སྒྲིག་སྲོལ་ཇུས་འགོད་དང་སྲིད་ཇུས་གཏན་འབེབས་བྱེད་པར་སྔར་ལས་མཐོང་ཆེན་བྱས་ཏེ། མ་རྩ་ཚོང་རའི་བཅོས་སྒྱུར་ལས་དོན་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་དགོས།

ལི་ཆང་གིས་བསྟན་དོན།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཉེན་ཁར་དོགས་ཟོན་བྱས་ཏེ་མ་རྩའི་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ》དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། མ་རྩ་ཁྲོམ་རའི་བཅོས་སྒྱུར་འཕེལ་རྒྱས་བྱ་བ་ཏན་ཏིག་ངང་སྒྲུབ་དགོས། མ་རྩ་ཚོང་རའི་རྨང་གཞིའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། འགྲེམས་སྤེལ་དང་ཉོ་ཚོང་། ཚོང་ར་ནས་ཕྱིར་འཐེན་བྱེད་པ་སོགས་འགག་རྩའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། མ་དངུལ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་འཁོར་རྒྱུག་བཟང་བོ་ཡོང་བར་བྱེད་པ། ཚོང་རར་ཞུགས་པ་དང་ཚོང་ར་ནས་ཕྱིར་འཐེན་བྱེད་པའི་འགུལ་རྣམ་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། ཚོང་ཞུགས་ཀུང་ཟིའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་མཐོང་ཆེན་བྱས་ནས། འགྲེམས་སྤེལ་དང་ཁྲོམ་འགྲེམ་གྱི་ཆོག་འཐུས་འགག་སྒོ་ཇེ་དམ་དུ་བཏང་ནས། ཁྲོམ་འགྲེམ་ཀུང་ཟིའི་མ་དངུལ་གཏོང་མཁན་ལ་དྲིན་ལན་འཇལ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མ་དངུལ་གཏོང་བའི་རིན་ཐང་མཐོར་འདེགས་གཏོང་དགོས། མ་རྩ་ཚོང་རའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་དང་དེར་ཤུགས་བསྣན་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཇེ་ཆེར་གཏོང་དགོས། མ་དངུལ་འཇོག་མཁན་ཆུང་འབྲིང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་མཐར། ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་བཅས་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། མ་རྩ་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། དཔལ་འབྱོར་འཕེལ་རྒྱས་དང་བཅོས་སྐྱོང་ནུས་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། འབྲེལ་ཡོད་ཕྱོགས་ཁག་གིས་སློབ་སྦྱོང་བྱེད་པ་དང་བསམ་བློ་ཧུར་ཐག་གཏོང་བ། ཞིབ་འཇུག་ནན་མོ་བྱེད་པ་བཅས་ལ་ཤུགས་བསྣན་ནས། བྱ་བའི་ནུས་པ་དང་ཆེད་ལས་བྱང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པ་དང་མཉམ་དུ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ། དཔལ་འབྱོར་གྱི་རྒྱུ་རྐྱེན་དང་དཔལ་འབྱོར་མིན་པའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་གཏོང་བ་དང་། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་མིན་པའི་སྲིད་ཇུས་ལ་གཅིག་གྱུར་འཆར་འགོད་སྔར་ལས་གང་ལེགས་བྱས་ཏེ། མ་རྩའི་ཁྲོམ་ར་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གྲུབ་པར་འབད་དགོས། །

པེ་ཅིན་སློབ་ཆེན་ཀོང་ཧྭ་དོ་དམ་སློབ་གླིང་གི་སློབ་གཙོ་ལིའུ་ཆའོ་ཡིས་འཆད་ཁྲིད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་ལིའུ་གོ་ཀྲུང་། རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་གྱིས་ཡིག་ཐོག་གཏམ་བཤད་རྒྱུ་ཆ་སྤྲད།

ལི་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་མཉན་རྗེས་བསྟན་དོན། མ་རྩའི་ཁྲོམ་ར་ནི་དེང་རབས་དངུལ་རྩའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱི་མ་རྩའི་ཚོང་ར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་ནས། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། མ་རྩ་ཚོང་རའི་བྱ་བ་ལེགས་པར་སྒྲུབ་པར་ཕྱོགས་བསྡུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ཧ་ཅང་ཆེན་པོ་ལྡན་ལ། ཆེད་ལས་རང་བཞིན་ཡང་ཧ་ཅང་ཆེན་པོ་ལྡན། མ་ལག་གི་འདུ་ཤེས་དང་ཆེད་ལས་ཀྱི་བསམ་གཞིགས་ལ་བརྟེན་ནས། མ་རྩའི་ཚོང་ར་འཁོར་སྐྱོད་བྱེད་པའི་གཞི་རྩའི་ཆོས་ཉིད་ལ་ངོས་འཛིན་བྱེད་རྒྱུ་དང་། ལོ་རྒྱུས་དང་འཕེལ་རྒྱས་ཀྱི་མིག་རྒྱང་ལ་བརྟེན་ནས། རང་རྒྱལ་གྱི་མ་རྩ་ཚོང་རའི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་སྤྱིའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་དེ་དཔྱད་གཞིར་འཛིན་མཁས་བྱེད་དགོས་པར་མ་ཟད། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་དུས་བབ་ཀྱི་གནས་སྟངས། ཡུལ་བབ་བཅས་ནས་རྐང་ཚུགས་ཐུབ་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚོང་རའི་འདུ་ཤེས་བེད་སྤྱོད་བྱས་ནས་སྒྲིག་སྲོལ་ཇུས་འགོད་དང་སྲིད་ཇུས་གཏན་འབེབས་བྱེད་པར་སྔར་ལས་མཐོང་ཆེན་བྱས་ཏེ། མ་རྩ་ཚོང་རའི་བཅོས་སྒྱུར་ལས་དོན་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་དགོས།

ལི་ཆང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཉེན་ཁར་དོགས་ཟོན་བྱས་ཏེ་མ་རྩའི་ཁྲོམ་རའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགའ》དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། མ་རྩ་ཁྲོམ་རའི་བཅོས་སྒྱུར་འཕེལ་རྒྱས་བྱ་བ་ཏན་ཏིག་ངང་སྒྲུབ་དགོས། མ་རྩ་ཚོང་རའི་རྨང་གཞིའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། འགྲེམས་སྤེལ་དང་ཉོ་ཚོང་། ཚོང་ར་ནས་ཕྱིར་འཐེན་བྱེད་པ་སོགས་འགག་རྩའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། མ་དངུལ་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་འཁོར་རྒྱུག་བཟང་བོ་ཡོང་བར་བྱེད་པ། ཚོང་རར་ཞུགས་པ་དང་ཚོང་ར་ནས་ཕྱིར་འཐེན་བྱེད་པའི་འགུལ་རྣམ་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། ཚོང་ཞུགས་ཀུང་ཟིའི་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་མཐོང་ཆེན་བྱས་ནས། འགྲེམས་སྤེལ་དང་ཁྲོམ་འགྲེམ་གྱི་ཆོག་འཐུས་འགག་སྒོ་ཇེ་དམ་དུ་བཏང་ནས། ཁྲོམ་འགྲེམ་ཀུང་ཟིའི་མ་དངུལ་གཏོང་མཁན་ལ་དྲིན་ལན་འཇལ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མ་དངུལ་གཏོང་བའི་རིན་ཐང་མཐོར་འདེགས་གཏོང་དགོས། མ་རྩ་ཚོང་རའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་དང་དེར་ཤུགས་བསྣན་ནས། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་པ་གཅོད་ཤུགས་ཇེ་ཆེར་གཏོང་དགོས། མ་དངུལ་འཇོག་མཁན་ཆུང་འབྲིང་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་མཐར། ཡོངས་བསྒྲགས་དང་འདྲ་མཉམ། དྲང་གཞག་བཅས་ཀྱི་ཚོང་རའི་ཁོར་ཡུག་བསྐྲུན་དགོས་ཞེས་གསུངས།

ལི་ཆང་གིས་མ་རྩ་ཁྲོམ་ར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། དཔལ་འབྱོར་འཕེལ་རྒྱས་དང་བཅོས་སྐྱོང་ནུས་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། འབྲེལ་ཡོད་ཕྱོགས་ཁག་གིས་སློབ་སྦྱོང་བྱེད་པ་དང་བསམ་བློ་ཧུར་ཐག་གཏོང་བ། ཞིབ་འཇུག་ནན་མོ་བྱེད་པ་བཅས་ལ་ཤུགས་བསྣན་ནས། བྱ་བའི་ནུས་པ་དང་ཆེད་ལས་བྱང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པ་དང་མཉམ་དུ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ཏེ། དཔལ་འབྱོར་གྱི་རྒྱུ་རྐྱེན་དང་དཔལ་འབྱོར་མིན་པའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་གཏོང་བ་དང་། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་མིན་པའི་སྲིད་ཇུས་ལ་གཅིག་གྱུར་འཆར་འགོད་སྔར་ལས་གང་ལེགས་བྱས་ཏེ། མ་རྩའི་ཁྲོམ་ར་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གྲུབ་པར་འབད་དགོས་ཞེས་ནན་གྱིས་གསུངས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།