ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི“རི་ཆུའི་བཟོ་སྐྲུན”གྱི་སྐྱེ་ཁམས་ཉམས་གསོའི་གཞི་ཁྱོན་མུའུ་དུང་ཕྱུར་ཁྲིི1ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས22ཉིན་རང་བྱུང་ཐོན་ཁུངས་པུའུ་དང་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་ལིན་དབྱི་གྲོང་ཁྱེར་དུ་བསྡུས་པའི་འཛམ་གླིང་སའི་གོ་ལའི་ཉིན་མོའི་བྱ་འགུལ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2016ལོར་རང་རྒྱལ་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་འཁྱགས་རོམ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་བཟོ་སྐྲུན་ལག་བསྟར་བྱས་ཏེ། བསྡོམས་པས་རི་ཆུའི་བཟོ་སྐྲུན་གྱི་སྐྱེ་ཁམས་ཉམས་གསོའི་གཞི་ཁྱོན་མུའུ་དུང་ཕྱུར་ཁྲིི1ལས་བརྒལ།

རྒྱུས་ལོན་པ་ལྟར་ན། “རི་ཆུའི་བཟོ་སྐྲུན”དེ་དག“ཁུལ་གསུམ་རྒྱུད་བཞིའི”རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཁྱབ་ཁོངས་སུ་གནས་ཡོད་ཅིང་། འབྲི་ཆུའི་བཞུར་རྒྱུད་དང་རྨ་ཆུའི་བཞུར་རྒྱུད། མཚོ་བོད་མཐོ་སྒང་སོགས་དང་འབྲེལ་བ་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་ལོ་རྒྱུས་སུ་ལུས་ཤིང་འདོར་བའི་གཏེར་རི་བཅོས་སྐྱོང་ཉམས་གསོ་གཞི་ཁྱོན་མུའུ་ཁྲི450ལེགས་འགྲུབ་བྱས།

གསར་འགོད་པས་བྱ་འགུལ་ཡུལ་དངོས་སུ་རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ལམ་ལུགས་ལག་བསྟར་བྱས་ཏེ། རང་བྱུང་ཐོན་ཁུངས་གཙོ་བོ་དང་སྐྱེ་ཁམས་བར་སྟོང་། སྟོངས་ཉེ་དངོས་རིགས་རྩ་ཆེན་དང་གནས་སྡོད་ཁུལ་གྱི་གཞི་ཁྱོན་ཆེན་པོ་དང་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་མངོན་འགྱུར་བྱས། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།