ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རིམ་མེ་ལོང》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིན་ཧྭ་གསར་འགྱུར་ཁང་གིས་གཙོ་འགན་ཁུར་བ་དང་ཞིན་ཧྭ་པར་སྐྲུན་ཁང་གིས་གཙོ་གཉེར་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལོ་རིམ་མེ་ལོང་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རིམ་མེ་ལོང》(2023)ཞེས་པ་ཉེ་ལམ་པར་སྐྲུན་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་ལ་ཁ་ཕྱོགས་ནས་པར་སྐྲུན་འགྲེམ་སྤེལ་བྱས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རིམ་མེ་ལོང》(2023)གིས་དོན་དངོས་ཐོག2022ལོའི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལས་དོན་གྱི་དོན་དག་གལ་ཆེན་དག་ཟིན་ཐོར་བཀོད་པ་དང་། རྒྱལ་ཁབ་ལས་ཁུངས་དང་རྒྱལ་སྲུང་། ཕྱི་འབྲེལ། དཔལ་འབྱོར་སྤྱིའི་རིགས། རྒྱལ་དབང་མ་རྐང་ཁེ་ལས་སོགས་རིགས38བཀར་ནས་ཡིག་འབྲུ་ཁྲི260ལྷག་ཡོད་པ་དང་། ལོ་རྒྱུས་རྒྱུ་ཆའི་རིན་ཐང་ལྡན་པའི་པར་རིས་བརྒྱ་ལྷག་བསྡུས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རིམ་མེ་ལོང》ནི་མིག་སྔར་རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ལོ་རིམ་མེ་ལོང་གཅིག་པུ་ཡིན་པ་དང་། 1981ལོར་གསར་སྐྲུན་བྱས་པའི་ཚུན་དུ། བསྟུད་མར་འདོན་ཐེངས43སྒྲུབ་ཡོད། དེའི་ནང་དོན་དངོས་ཐོག་ཡིན་པ་དང་རྒྱུ་ཆ་འཐུས་ཚང་ཡིན་པ། གཞི་གྲངས་དབང་གྲགས་ཆེ་བས་ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས། ཞིབ་འཇུག་ལས་ཁུངས། མཐོ་རིམ་སློབ་གླིང་བཅས་སོ་སོ་དང་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་སོ་སོའི་མི་སྣ་བཅས་ཀྱིས་ཀྲུང་གོར་རྒྱུས་ལོན་དང་རྒྱུ་ཆར་ལྟ་ཀློག ཆ་འཕྲིན་ལ་ཤེས་རྟོགས། ལས་དོན་ལ་མཛུབ་སྟོན་བཅས་བྱེད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས་ཤིང་། ཉར་ཚགས་རིན་ཐང་ཆེས་ཆེར་ལྡན་པའི་དཔེ་ཆ་གལ་ཆེན་ཞིག་ཡིན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།