ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱིས་ད་ལོར་སྐོར་ཐེངས་ལྔ་བགོས་ཏེ་ས་གནས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱིས་ཆེད་དོན་སློབ་སྦྱོང་སྤེལ་བར་རྩ་འཛུགས་བྱ་རྒྱ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས18ཉིན་ད་ལོའི་སྐབས་དང་པོའི་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱི་ཆེད་དོན་སློབ་སྦྱོང་འཛིན་གྲྭའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ད་ལོར་བརྗོད་དོན་མི་འདྲ་བའི་ས་གནས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གྱི་སློབ་སྦྱོང་འཛིན་གྲྭ་ཐེངས་ལྔ་སྤེལ་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་པ་གཉིས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་དང་རྫོང་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་སློབ་སྦྱོང་ཁྲོད་ཞུགས་པར་རྩ་འཛུགས་བྱ་རྒྱུ་རེད།

ད་ལོའི་དུས་ཐེངས་དང་པོའི་ཆེད་དོན་སློབ་སྦྱོང་འཛིན་གྲྭ་ཟླ4བའི་ཚེས15ཉིན་ནས་ཚེས18ཉིན་བར་ཀྲེ་ཅང་ཧང་ཀྲོའུ་རུ་འཚོགས་པ་དང་། བརྗོད་དོན་ནི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་འགན་ལེན་བྱ་རྒྱུ”ཞེས་པ་དེ་ཡིན་པ་དང་། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དམངས་ཆེན་ཁོངས་གཏོགས་ནས་ཡོང་བའི་མི180ཙམ་སློབ་སྦྱོང་ཁྲོད་ཞུགས་ཡོད། སློབ་ཚན་གྱི་བཀོད་སྒྲིག་ལྟར་ན། དུས་ཐེངས་དང་པོའི་སློབ་སྦྱོང་འཛིན་གྲྭ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནན་ཏན་གྱིས་ལག་བསྟར་བྱེད་པ། “སྡེ་བ་སྟོང་དཔེ་སྟོན་དང་སྡེ་བ་ཁྲི་བཅོས་སྐྱོང་བཟོ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་པ། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་གསེབ་དར་སྤེལ་གཏོང་བ། དམངས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་གནས་ཚུལ་ལྟ་སྐུལ། རང་མོས་ཚོང་དོན་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་སོགས་ལ་དམིགས་ནས་ཆེད་དོན་སྙན་ཞུ་ཕུལ་ཡོད། ཧང་ཀྲོའུ་དང་ཧུའུ་ཀྲོའུ་ས་གནས་གཉིས་སུ་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོའི་ལག་ལེན་དང་གྲངས་འཛིན་ཐོན་ལས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས། གྲོང་གསེབ་དར་སྤེལ་སོགས་ལ་དམིགས་ཏེ་ཡུལ་དངོས་སུ་སློབ་ཁྲིད་བྱ་རྒྱུ་རེད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་སློབ་སྦྱོང་འཛིན་གྲྭ་བསྒྲུབས་པ་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་དམངས་ཆེན་གྱི་ལས་དོན་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཐེངས་འདིའི་གསོ་སྦྱོང་བྱས་པ་བརྒྱུད་སློབ་མ་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་དམངས་ཆེན་གྱི་འགན་འཁྲི་དང་གནས་བབ་སྔར་བས་ཁོང་དུ་ཆུད་པར་བྱས་པས། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་ཆེར་གཏོང་བར་ཕན་ནུས་བསྐྲུན།

གཞན་རྒྱུས་ལོན་ལྟར་ན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་གྱིས་ད་ལོར“དུས་རབས་གསར་པའི་དམངས་ཆེན་གྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བའི་དཔེ་སྟོན་འཛིན་གྲྭ་དང་། “འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆེད་དོན་སློབ་སྦྱོང་འཛིན་གྲྭ་སོགས་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་སློབ་སྦྱོང་འཛིན་གྲྭ་ཐེངས་བཞི་སྤེལ་རྒྱུ་ཡིན་པ་རེད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།