ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱིས་སི་ལུའོ་ཝུན་ཉི་ཡའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཧྥ་ཡུང་དང་བཞུགས་མོལ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱིས་པེ་ཅིན་དུ་སི་ལུའོ་ཝུན་ཉི་ཡའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་ཧྥ་ཡུང་དང་བཞུགས་མོལ་གནང་།

ཝང་དབྱིས་ཀྲུང་སིའི་འབྲེལ་བ་ལོ་ངོ30ལྷག་གི་འཕེལ་རྒྱས་ཕྱིན་པ་བརྒྱུད་བརྟན་ལྷིང་དང་གནད་སྨིན་འཐུས་ཚང་གི་དུས་མཚམས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རིའི་སྲིད་གཞུང་གིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པར་བསྔགས་བརྗོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝེ་ཉི་ཡའི་རྒྱལ་ཁབ་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་རྒྱབ་སྐྱོར་དང་། སི་ལུའོ་ཝུན་ཉི་ཡའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་པར་བརྩི་འཇོག་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ལུའོ་ཝུན་ཉི་ཡ2024ལོ་ནས2025ལོའི་བར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་མིན་པའི་རྒྱལ་ཁབ་ལ་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་རྒྱལ་སྤྱིའི་སྒྲིག་གཞི་ནས་སི་ལུའོ་ཝུན་ཉི་ཡ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་བསྟན།

ཧྥ་ཡུང་གིས་སི་ལུའོ་ཝུན་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་བཞིན་ཡོད། ཐེངས་འདིའི་སི་ལུའོ་ཝུན་ཉི་ཡའི་ལོ་རྒྱུས་སྟེང་གི་གཞི་ཁྱོན་ཆེ་ཤོས་ཀྱི་དཔལ་འབྱོར་ཚོང་དོན་འཐུས་མི་ཚོགས་པ་ཀྲུང་གོར་མངགས་ནས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སི་ལུའོ་ཝུན་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།