ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་སི་ཕེན་གྱི་ཡི་གེའི་པར་གཞི་ལྟ་ཀློག་མཉམ་སྤྱོད་ཚོགས་འདུ་ཨ་ཀེན་ཐིན་དུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་སི་ཕེན་གྱི་ཡི་གེའི་པར་གཞི་པར་སྐྲུན་བྱས་ནས་ལོ་འཁོར10ལོན་པའི་སྐབས་དེར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་སི་ཕེན་གྱི་ཡི་གེའི་པར་གཞི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་ཚེས15ཉིན་ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་སི་ཨེ་རི་སིར་འཚོགས་པ་རེད།

ཨ་ཀེན་ཐིན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཝང་ཝུའེ་ཡིས་བྱེད་སྒོའི་སྟེང་ཤིས་ཚིག་གསུངས་པས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་ནང་དུས་རབས་གསར་པའི་ཀྲུང་གོའི་མགོ་ཁྲིད་པའི་རྒྱལ་སྐྱོང་འདུ་ཤེས་དང་སྲིད་སྐྱོང་ཐབས་ཇུས་བརྒྱུད་རིམ་ལྡན་པའི་སྒོ་ནས་མངོན་པ་དང་ཀློག་པ་པོས་དེའི་ཁྲོད་ནས་མི་དམངས་ལྟེ་བར་འཛིན་པའི་སྲིད་སྐྱོང་ཏང་ཞིག་དང་། རྒྱལ་ཁབ་འཕེལ་རྒྱས་ཇི་ལྟར་གཏོང་བ་དང་། འཛམ་གླིང་དང་འབྲེལ་འདྲིས་ཇི་ལྟར་བྱེད་པ། དེ་བཞིན་ཇི་ལྟར་བྱས་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཞིག་ཏུ་བསྐྱོད་པ་བཅས་ཤེས་རྟོགས་བྱེད་ཐུབ་ཟེར།

ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་ཡི་ཅུའུ་ཀྲང་ཅུའུ་ཀྲང་གཞོན་པ་ཡུས་ཐའོ་ཡིས་ཤིས་ཚིག་འབུལ་སྐད་བཤད་རྒྱུར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་སི་ཕེན་གྱི་ཡི་གེའི་པར་གཞི་པར་སྐྲུན་བྱས་ནས་ལོ་འཁོར10ལོན་པར་ཨ་ཀེན་ཐིན་གྱི་ལས་རིགས་སོ་སོའི་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད། དཔེ་དེབ་དཔེ་སྐྲུན་དང་སྨྱན་སྦྱོར་བརྒྱུད་སྤེལ། རིག་མཛོད་ཀྱི་སྐད་ཆ་བཤད་རེས། ཞིབ་འཇུག་བྱ་གཞི་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་དང་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཟེར།

ཨ་ཀེན་ཐིན་པུའུ་དབྱི་ནོ་སི་ཨེ་རི་སི་སློབ་ཆེན་གྱི་ཕྱི་དོན་སློབ་སྤྱི་གཞོན་པ་ཕ་ཐེ་ལི་ཤིས་ཨའོ·ཁོ་ནེ་ཧོ·ཨོར་ཏི་སིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་སི་ཕེན་ཡི་གེའི་པར་གཞི་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཨ་ཀྲུང་རིག་གཞུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཐད་དོན་སྙིང་གལ་ཆེན་ལྡན་པས། ཨ་ཀེན་ཐིན་དང་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་འཕེལ་རྒྱས་བརྒྱུད་རིམ་ཤེས་རྟོགས་ཞིབ་ཕྲ་བྱ་རྒྱུར་ཐབས་ལམ་མཁོ་འདོན་བྱས་ཡོད།

མཉམ་སྤྱོད་ཚོགས་འདུའི་སྟེང་ཀྲུང་གོར་བཅའ་སྡོད་བྱས་པའི་ཨ་ཀེན་ཐིན་གྱི་གཞུང་ཚབ་ཆེན་མོ་བ་ཟུར་པ་ཉིའུ་ཝང་ཏའོ་དང་ཀའེ་ཐེ་ཀོ། ཨ་ཀེན་ཐིན་དཔེ་སྐྲུན་ཚོང་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧུའུ་ཨན·མན་ནུའུ་ཨེར·ཕན་ཕིང་གིས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའིའབྲེལ་ཡོད་ནང་དོན་ངོ་སྤྲོད་བྱས་ནས་དཔེ་དེབ་ཀློག་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།