ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར10སྐྱེལ་འདྲེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར10སྐྱེལ་འདྲེན་བྱས་ཤིང་། དུས་མཉམ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བསྐྲུན། ཉིན་རེར་ཆ་སྙོམས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི1114.7སྐྱེལ་འདྲེན་བྱས་པ་དང་དུས་མཉམ་ལས28.5%འཕར་ནས། འགྲེམ་འགྲུལ་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པ་ཡིན།

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་འགྲུལ་སྐྱེལ་པུའི་འགན་འཁུར་བས་རྒྱལ་ཁབ་ལྕགས་ལམ་ཚོགས་པས་འགྲུལ་སྐྱེལ་མེ་འཁོར་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། མེ་འཁོར་བབས་ཚུགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་དང་། མི་དམངས་མང་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་དྲོ་སྐྱིད་ལྡན་པའི་སྒོ་ནས་འགྲོ་སྐྱོད་བྱེད་པར་འགན་ལེན་བྱས།

དེང་རབས་ཅན་གྱི་ལྕགས་ལམ་དྲ་བའི་དགེ་མཚན་འདོན་སྤེལ་བྱས་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ནུས་ཆེ་རུ་བཏང་། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་ཉིན་རེར་འགྲུལ་པའི་མེ་འཁོར10486བཏང་བ་དེ་དུས་མཚུངས་ལས15.5%འཕར་ཡོད། དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར4.8ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན།

འགྲུལ་སྐྱེལ་ཞབས་ཞུའི་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་ཕྱིར་སྐྱོད་ཉམས་ལེན་ཆེ་རུ་བཏང་། དཔྱིད་གསར་སྐྱེལ་འདྲེན་རིང་སྤ་སེ་བཙོང་བའི་མ་ལག12306གི་ཉིན་གཅིག་གི་སྤ་སེ་བཙོང་ཚད་ཁྲི2091.6ཟིན་པ་དང་ལྟ་བཤེར་བྱེད་ཚད་ཐེངས་དུང་ཕྱུར898.3ཟིན་ནས། གཞི་ཁྱོན་ཧ་ཅང་ཆེ་བའི་འཚམས་འདྲི་ཐེངས་མང་གི་ཚོད་བགམ་ལ་ཁ་གཏད་བདེ་བླག་ངང་གཅོག་ཐུབ་པ་དང་མ་ལག་བདེ་འཇགས་བརྟན་པོའི་ངང་འཁོར་སྐྱོད་བྱས་ཡོད།

འགན་འཁུར་བ་དེས་དུས་ཚིགས་གཉིས་པར་སླེབས་སྐབས་ལྕགས་ལམ་གྱི་འགྲུལ་རྒྱུན་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུ་དང་། “ལྔ་གཅིག”དང་ལྔ་པའི་ཚེས་ལྔ་དུས་ཆེན་གྱི་གུང་གསེང་རིང་འགྲུལ་རྒྱུན་གྱི་མཐོ་ཤོས་སུ་བསླེབ་རྒྱུ་ཡིན་པ་དང་། ལྕགས་ལམ་སྡེ་ཚན་གྱིས་འགྲུལ་རྒྱུན་གྱི་འགྱུར་ལྡོག་གནས་ཚུལ་ལ་དོ་ཁུར་ཟབ་མོ་བྱས་ཤིང་། འགྲུལ་སྐྱེལ་ཐོན་རྫས་མཁོ་སྤྲོད་བྱེད་སྟངས་ཇེ་ལེགས་སུ་བཏང་ནས། འབབ་ཚུགས་དང་མེ་འཁོར་གྱི་ཞབས་ཞུ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་རྒྱུ་ཡིན་ཞེས་བཤད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།