ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུད་འཛིན་ལ་ཤུགས་བསྣན་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས》ཞེས་པ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས8པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུད་འཛིན་ལ་ཤུགས་བསྣན་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས》ཞེས་པ་སྤེལ་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2013ལོའི་ཟླ8པ་ནས2023ལོའི་ཟླ9པའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གྱི་གཅེས་བཏུས་ཡིན།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་རྒྱུན་ཆད་མྱོང་མེད་པས། ང་ཚོ་རླབས་ཆེ་བའི་མི་རིགས་བསྐྲུན་ཡོད། རིག་དངོས་དང་རིག་གནས་ཤུལ་བཞག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་ཐེག་ཡོད་པས། ཡང་བསྐྱར་འཕེལ་མི་ཐུབ་པ་དང་གཞན་གྱིས་ཚབ་མི་ནུས་པའི་ཀྲུང་ཧྭའི་ཕུལ་བྱུང་དཔལ་ཡོན་གྱི་ཐོན་ཁུངས་ཡིན། དེ་ནི་ང་ཚོ་མི་རབས་འདི་ལ་དབང་བ་མ་ཟད་བུ་རབས་ཚ་རྒྱུད་ཡོངས་ལ་དབང་བ་ཡིན། ནན་ཏན་སྒོས་ཏང་ཀྲུང་དབྱང་གི་སྲུང་སྐྱོབ་དམིགས་སུ་འཛིན་པ་དང་དོ་དམ་ལ་ཤུགས་སྣོན་པ། རིན་ཐང་སྔོག་འདོན་བྱེད་པ། ཕན་ནུས་ལྡན་པའི་བེད་སྤྱོད་བྱེད་པ། རིག་དངོས་གསོན་པོར་སྒྱུར་བའི་བྱ་བའི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དངོས་འབེབས་དང་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་རྒྱུད་འཛིན་སྲུང་སྐྱོང་གི་རྒྱུད་འཛིན་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། རིག་དངོས་ལ་ལོ་རྒྱུས་བརྗོད་དུ་འཇུག་པ་དང་ལོ་རྒྱུས་ལ་དོན་དངོས་བརྗོད་དུ་འཇུག་དགོས། མ་ལག་དང་ལྡན་པའི་སྒོ་ནས་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་གསེད་འགྲེལ་བྱས་ཏེ། བཀག་སྡོམ་ཕོ་བྲང་དུ་ཉར་བའི་རིག་དངོས་དང་རྒྱ་ཆེའི་ས་གཞི་སྟེང་བཀྲམ་པའི་ཤུལ་བཞག གནའ་དཔེ་གསུང་རྩོམ་ཁྲོད་བྲིས་པའི་ཡི་གེ་བཅས་གསོན་དུ་འཇུག་དགོས། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུད་འཛིན་ལ་ཤུགས་བསྣན་ཏེ། རིག་དངོས་ཞིབ་འཇུག་འགྲེལ་ཀློག་དང་འགྲེམ་སྟོན་རྒྱུད་སྒྲོག་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཕུལ་བྱུང་སྲོལ་རྒྱུན་རང་ཡུལ་རིག་གནས་སྔོག་འདོན་དང་རྒྱུད་འཛིན། གསར་སྐྲུན་བཅས་བྱས་ཏེ། རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་པའི་རྨོ་འདེབས་དཔལ་ཡོན་གྱིས་དུས་རབས་གསར་བར་མཛེས་པ་དང་ཁྱད་ཆོས་མངོན་པར་བྱེད་དགོས། རང་རྒྱལ་རིག་གནས་ཀྱི་ཉིང་བཅུད་རྒྱུད་འཛིན་དང་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ཤུགས་སྣོན་པར་རྒྱབ་སྐྱོར་དང་རམ་འདེགས་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། གསར་བརྗེའི་རིག་གནས་དར་སྤེལ་བཏང་སྟེ། དངོས་གནས་དམར་པོའི་གཞི་རྒྱུ་རྒྱུད་འཛིན་དང་གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་དོ་དམ། བེད་སྤྱོད་གང་ལེགས་བྱེད་དགོས། ཀྲུང་ཧྭའི་དཔལ་ཡོན་གྱི་ཁ་དབུགས་སྟུག་པའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས། མང་ཚོགས་དང་ལྷག་པར་དུ་ན་གཞོན་རྣམས་ལ་སྣེ་ཁྲིད་དེ་སྔར་ལས་ལྷག་པར་ཀྲུང་ཧྭའི་དཔལ་ཡོན་ལ་ངོས་འཛིན་དང་ངོས་ལེན་ལེགས་པོ་བྱེད་པ་དང་། ཀྲུང་གོ་པའི་བློ་སྟོབས་དང་ལ་རྒྱ། གདིང་ཤུགས་བཅས་ཇེ་ཆེར་གཏོང་དགོས། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། འཛམ་གླིང་ནི་ཕུན་སུམ་ཚོགས་པའི་དཔལ་ཡོན་གྱིས་གྲུབ་པ་དང་། ཀྲུང་གོ་ནི་འཛམ་གླིང་སྟེང་ཆེས་གནའ་རབས་ལོ་རྒྱུས་དང་རིག་གནས་ལྡན་པའི་རྒྱལ་ཁབ་གྲས་ཤིག་ཡིན། ཀྲུང་ཧྭའི་དཔལ་ཡོན་གྱིས་དཔལ་ཡོན་མི་འདྲ་བའི་བར་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་བརྩི་བཀུར་བྱེད་པར་བསྟོད་བསྔགས་བྱེད་བཞིན་ཡོད། འཛམ་གླིང་ས་ཁུལ་སོ་སོའི་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ཏེ། ཐུན་མོང་ཐོག་རིག་གནས་དར་རྒྱས་གོང་འཕེལ་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་ཡོན་གྲོས་གཞི་ལག་བསྟར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོག་སཔ་འཛུགས་པར་གཏིང་ཟབ་ཅིང་ཡུན་རིང་པའི་རིག་གནས་ཀྱི་སྟོབས་ཤུགས་བསྩོལ་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།