ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅོ་ལྔ་པའི་དབྱར་དུས་ཏ་ཝའོ་སི་གླེང་སྟེགས་ཏ་ལེན་དུ་འཚོགས་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ4པའི་ཚེས15ཉིན་ཏ་ལེན་དབྱར་དུས་ཏ་ཝའོ་སི་གླེང་སྟེགས་མཐུན་སྦྱོར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྐབས་བཅོ་ལྔ་པའི་སྣེ་ཁྲིད་པ་གསར་བའི་ལོ་ཚོགས(དབྱར་དུས་ཏ་ཝའོ་སི་གླེང་སྟེགས)ཟླ6པའི་ཚེས25ཉིན་ནས་ཚེས27ཉིན་བར་ལེའོ་ཉིང་ཏ་ལེན་ནས་འཚོགས་རྒྱུ་རེད།

ཐེངས་འདིའི་ལོ་ཚོགས་ཀྱི་བརྗོད་དོན་ནི་མ་འོངས་པའི་འཕེལ་རྒྱས་ཀྱི་མདུན་མདུན་གསར་བ་ཞེས་པ་དེ་ཡིན་ཞིང་། སྐབས་དེར་ཆབ་སྲིད་དང་ཚོང་ལས། སྤྱི་ཚོགས་རྩ་འཛུགས། རྒྱལ་སྤྱིའི་རྩ་འཛུགས། རིག་གཞུང་ལས་རིགས། སྨྱན་བྱད་ལས་རིགས་བཅས་ཀྱི་འཐུས་མི1500ལྷག་ཞུགས་རྒྱུ་རེད། ལོ་ཚོགས་ཀྱིས་འཛམ་གླིང་གི་དཔལ་འབྱོར་གསར་བ་དང་ཀྲུང་གོ་དང་འཛམ་གླིང་། མིས་བཟོས་རིག་ནུས་དུས་རབས་ཀྱི་ཁེ་ལས་པའི་སྙིང་སྟོབས། ཐོན་ལས་ཀྱི་མདུན་མདུན་གསར་བ། མིར་དངུལ་གཏོང་དང་ནམ་ཟླ་དང་རང་བྱུང་། ནུས་ཁུངས་བཅས་ཀྱི་ཕན་ཚུན་འབྲེལ་བ་སོགས་བརྗོད་གཞི་ཆེན་མོ་དྲུག་དང་འབྲེལ་ནས་ཞིབ་འཇུག་བགྲོ་གླེང་བྱ་རྒྱུ་རེད།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལག་རྩལ་གསར་བས་མུ་མཐུད་དུ་འཛམ་གླིང་མགྱོགས་མྱུར་ངང་རིག་ནུས་དུས་རབས་སུ་བསྐྱོད་པར་སྒུལ་ཤུགས་བསྩལ་བ་དང་། རིགས་སྒྱུར་འདི་ལ་དཔལ་འབྱོར་གསར་བ་དང་ཚོང་ལས་སྲིད་ཇུས་དཔེ་དབྱིབས་ཀྱི་རོགས་འདེགས་མཁོ་བ་ཡིན། ཐེངས་འདིའི་ལོ་ཚོགས་ཀྱིས་འགུལ་སྐྱོད་དེ་ཁ་ཕྱོགས་སུ་འཛིན་པའི་གླེང་མོལ་བྱེད་པ་བརྒྱུད། ཚོགས་ཞུགས་འཐུས་མིས་ལག་རྩལ་གྱི་སྦས་ཤུགས་བེད་སྤྱད་དེ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་དང་། དཔལ་འབྱོར་འཕེལ་རྒྱས་དང་ནུས་ཁུངས་རིགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་བེད་སྤྱོད་བྱེད་པར་རོགས་འདེགས་བྱས་ནས། མི་ལྟེ་བ་ཡིན་པའི་ཐབས་ཇུས་བཟོས་ནས་མུ་མཐུད་དུ་འགྱུར་ལྡོག་འགྲོ་བཞིན་པའི་ལས་རིགས་ཀྱི་ཁ་ཕྱོགས་ལ་ཁ་གཏོད་པ་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་མདུན་མདུན་གསར་བའི་སྒོ་གླེགས་ཕྱེ་རྒྱུ་ཡིན།

མིག་སྔར། ཐེངས་འདིའི་ལོ་ཚོགས་ཀྱི་གྲ་སྒྲིག་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།