ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ཝེ་ཏུང་གིས་ཁུ་པ་གསར་བརྗེ་དྲག་ཆས་སྟོབས་ཤུགས་པུའུ་ཡི་ཆབ་སྲིད་པུའུ་ཀྲུའུ་རེན་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཏུང་གིས་ཚེས15ཉིན་པེ་ཅིན་དུ་འཚམ་འདྲིར་ཕེབས་པའི་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ནམ་ཁུ་པ་གསར་བརྗེ་དྲག་ཆས་སྟོབས་ཤུགས་པུའུ་ཡི་ཆབ་སྲིད་པུའུ་ཀྲུའུ་རེན་ལའོ་ཧའོ་ལ་ཐུག་འཕྲད་གནང་།

ཧོ་ཝེ་ཏུང་གིས་བཤད་རྒྱུར། ཀྲུང་གོས་ཁུ་པ་ཡིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་གནད་དོན་སྟེང་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བར་བསྟོད་བསྔགས་བྱ་རྒྱུ་ཡིན་ཞིང་། མཐའ་གཅིག་ཏུ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཁུ་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོས་ཁུ་པ་དང་མཉམ་དུ་ཀྲུང་གོའི་དེང་རབས་ཅན་གྱི་བགྲོད་ལམ་ཐད་ཀྱི་རྒྱལ་ཁའི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། མུ་མཐུད་དུ་ཁུ་པར་གང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་གནང་རྒྱུ་ཡིན་ལ། ཁུ་པ་དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ནས་ལག་གདང་མཉམ་འབྲེལ་གྱིས་ཀྲུང་ཁུ་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད།

ལའོ་ཧའོ་ཡིས་བཤད་རྒྱུར། ཁུ་པས་སྔ་མུས་བཞིན་ཁུ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་དམིགས་བསལ་མཛའ་མཐུན་འབྲེལ་བར་ཤུགས་སྣོན་དང་སྲ་བརྟན་དུ་བཏང་སྟེ། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།