ཀྲུང་གོ་བོད་ཀྱི་དྲ་བ།

སྐབས135པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་ཚོགས་འདུ་མགོ་བརྩམས་ཤིང་ཁེ་ལས་ཁྲི2.9ལྷག་འགྲེམ་སྟོན་ལ་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས135པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་ཚོགས་འདུ་ཟླ4བའི་ཚེས15ཉིན་མགོ་བརྩམས་ཤིང་། གསར་འགོད་པས་ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་ལྟེ་གནས་སུ་རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ཚོང་རྫས་ཉོ་ཚོང་ཚོགས་འདུ་སྐབས་སུ་འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཁྲི2.9ལྷག་ཡོད་ཅིང་། དེའི་ཁྲོད་ཕྱིར་གཏོང་འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཁྲི2.86ཡོད་པ་དང་། ནང་འདྲེན་འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས680ཡོད།

ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་ཚོགས་འདུའི་སྟེང་ཉོ་ཚོང་གི་ལས་རྣམ་གསར་བ་ནང་འདྲེན་བྱས་ཏེ། ཐེངས་དང་པོར་རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དང་ཕྱི་རྒྱལ་གྱི་མཛོད་ཁང་འགྲེམ་སྟོན་ཁུལ་བཙུགས་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ3000ཡོད། དྲ་ཐོག་གི་སྟེགས་བུས་གཅིག་སྡུད་ངང་རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ165དྲིལ་སྒྲོག་བྱེད་བཞིན་ཡོད།

སྐབས་འདིའི་ཕྱིར་གཏོང་ནང་འདྲེན་ཚོང་རྫས་ཉོ་ཚོང་ཚོགས་འདུའི་སྟེང། ནང་འདྲེན་འགྲེམས་སྟོན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི3ཡོད་པ་དང་། འགྲེམ་སྟོན་ཁྲོད་ཞུགས་པའི་རྒྱལ་སྤྱིའི་ཁེ་ལས680ཡོད་པ་དང་། ཡོང་ཁུངས་ཀྱི་ས་གནས་རྒྱལ་ཁབ་དང་ས་ཁུལ50བར་དུ་རྒྱ་སྐྱེད་བཏང་ཡོད། དེའི་ནང་དུ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་དང་ས་ཁུལ64%ཟིན་ཡོད།

ཟླ4པའི་ཚེས13ཉིན་བར་དུ་རྒྱལ་ཁབ་དང་ས་ཁུལ215ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི14. 4ཡི་སྔོན་ལ་ཐོ་འགོད་བྱས་པ་དང་། དེའི་ནང་དུ་ཨ་རིས21.4%འཕར་བ་དང་། དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ13%འཕར་བ་དང་། དབུས་ཤར་རྒྱལ་ཁབ་ཀྱི24.7%འཕར་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་པའི་རྒྱལ་ཁབ45.9%ཡོད་པ་དང་། RCEPརྒྱལ་ཁབ15.5%འཕར་ཡོད། ཁེ་ལས་དང་བཟོ་ཚོང་ལས་ཁུངས288ཀྱིས་ཚོགས་པ་སྒྲིག་ནས་ཚོགས་འདུར་ཞུགས་རྒྱུ་གཏན་འཁེལ་བྱས་པ་དང་། སྐབས་གོང་མའི་དུས་མཚུངས་ལས21.5%འཕར་ཡོད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།