ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི5Gསྤོ་སྒུལ་ཁ་པར་སྤྱོད་མཁན་མི་དུང་ཕྱུར8.51ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་སྔོན་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ2པའི་བར་དུ། རང་རྒྱལ་གྱི5Gསྤོ་སྒུལ་ཁ་པར་སྤྱོད་མཁན་མི་དུང་ཕྱུར8.51ལ་སླེབས་པ་དང་། 4Gསྤྱོད་མཁན་དང་བསྡུར་ན་མི་ཁྲི9000བརྒལ་ཡོད།

དྲ་བའི་རྨང་གཞི་ཉིན་བཞིན་འཐུས་ཚང་དུ་གྱུར་ཡོད། ཟླ2པའི་ཟླ་མཇུག་བར་དུ། རང་རྒྱལ་གྱི5Gརྟེན་གཞི་ས་ཚིགས་གྲངས་ཀ་ཁྲི350.9ལ་སླེབས་པ་དང་། དེས་སྤོ་སྒུལ་རྟེན་གཞི་ས་ཚིགས་སྤྱི་གྲངས་ཀྱི་བཅུ་ཆའི་གསུམ་ཙམ་ཟིན་ཡོད། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བརྡ་རྟགས་རིམ་སྤོར་གྱི་འགུལ་སྐྱོད་དང5Gབེད་སྤྱོད། གཡོར་འདེགས་འགུལ་སྐྱོད་སོགས་བསྟུད་མར་སྤེལ་ནས། 5Gཁྱབ་ཚད་དང་བེད་སྤྱོད་བསྟུད་མར་རིམ་སྤོར་བྱས།

5Gལག་རྩལ་མགྱོགས་མྱུར་ངང་གོང་འཕེལ་བྱུང་། ཉེ་སྔོན། ཀྲུང་གོའི་སྤོ་སྒུལ་གྱིས5G—Aཚོང་སྤྱོད་བཀོད་སྒྲིག་མགོ་བརྩམས་ཏེ། སྐོར་དང་པོའི་ཚོང་སྤྱོད་གྲོང་ཁྱེར་གྱི་མིང་ཐོ100ཁྱབ་བསྒྲགས་བྱས་པ་མ་ཟད། འཆར་གཞི་ལྟར་ན་ད་ལོར་གྲོང་ཁྱེར300ལས་བརྒལ་རྒྱུ་རེད། ཉེ་སྔོན། ཀྲུང་གོའི་སྤོ་སྒུལ་གྱིས5G—Aརྒྱལ་སྤྱིའི་ཚད་གཞིའི་ལས་གཞི60སྣེ་ཁྲིད་དེ་ལེགས་འགྲུབ་བྱས་ལ། འཛམ་གླིང་ཚོང་གཉེར་བྱེད་མཁན་གྱི་ཨང་དང་པོར་སླེབས་ཡོད།

5Gབེད་སྤྱོད་མགྱོགས་མྱུར་ངང་རྒྱ་བསྐྱེད་ཡོད། ཟླ2པའི་ཟླ་མཇུག་བར་དུ། རང་རྒྱལ་སྤོ་སྒུལ་དྲ་སྦྲེལ་དྲ་བའི་རྒྱུག་ཚད་བསྡོམས་པས487.6亿GBལ་སླེབས་ཤིང་། དུས་མཉམ་ལས16.6%འཕར་ཡོད་ལ། དེའི་ནང5Gསྤྱོད་མཁན་གྱི་རྒྱུག་ཚད་དུས་མཉམ་ལས59.8%འཕར་བ་དང་། ཟིན་ཚད་ཀྱི་བསྡུར་གྲངས53.3%ལ་སླེབས་ནས། སྤྱིའི་རྒྱུག་ཚད་འཕར་ཚད་དུས་མཉམ་ལས་བརྒྱ་ཆའི་ཚེག4.6ཇེ་མཐོར་སོང་ཡོད། 

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། རྗེས་མར་ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག། བེད་སྤྱོད་སོགས་ཕྱོགས་སོ་སོ་དང་མཉམ་དུ། སྡེ་ཁག་བརྒལ་བའི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། མུ་མཐུད་དུ5Gབེད་སྤྱོད་ཀྱི་གཞི་ཁྱོན་ཅན་འཕེལ་རྒྱས་ལ་ཕན་འབྲས་གསར་བ་བླངས་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་བརྟན་གྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།