ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་ཏན་ཏིག་ངང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་རྣམ་སྒྱུར་རིམ་སྤར་དང་ཤང་གྲོང་སྡོད་དམངས་ཀྱི་འཚོ་བའི་སྤུས་ཀ་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་བཅས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་ནན་མོ་བཏང་སྟེ། དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས།

ཟླ3པའི་ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་བརྙན་རིས་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་མ་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་ཚོགས་འདུར་མགོ་འཛིན་གནང་། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གིས་ཚོགས་འདུར་མགོ་འཛིན་གནང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལིས་ཧྥིན་དང་ཀྲང་གོ་ཆིན། རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་བཅས་ཚོགས་འདུར་ཞུགས།

ལི་ཆང་གིས་བསྟན་དོན། རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལས་དོན་འདི་འཕྲལ་ཕུགས་གང་རུང་གི་ཁེ་ཕན་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་ཕན་ཐོགས་ངེས་ཅན་ཡོད་ལ། ཚུལ་སྒྱུར་ལའང་ཕན་པ་ཡོད་པར་མ་ཟད། ཁེ་ལས་དང་དམངས་ཚིས་ལ་ཕན་པ་ཡོད་པའི་དབང་གིས། ལས་དོན་འདི་ལ་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན། ས་གནས་དང་སྡེ་ཁག་སོ་སོས་གནས་བབ་ཐད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་དངོས་སུ་གཅིག་གྱུར་ཡོང་བར་བྱས་ཏེ། སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་ཡི་ལས་དོན་དེ་གནས་བབ་གལ་ཆེན་སྟེང་བཞག་ནས་དམ་འཛིན་ཡག་པོ་བྱེད་དགོས།

ལི་ཆང་གིས་ནན་གྱིས་བསྟན་དོན། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱ་རྒྱུ་དེ་ལས་རིགས་སོ་སོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་སྐྱིད་སྡུག་དང་འབྲེལ་བ་ཡོད་པས། ངེས་པར་དུ་ཁྲོམ་ར་གཙོ་བོ་དང་སྲིད་གཞུང་གི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་ལ་སྐུལ་མ་གཏོང་བ་དང་རྗེས་ལུས་འདོར་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚད་གཞིའི་སྣེ་ཁྲིད་དང་གོ་རིམ་ལྡན་པའི་ངང་རིམ་སྤོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པ། ཚུར་བསྡུའི་འཁོར་རྒྱུག་བེད་སྤྱོད་གང་ལེགས་བྱེད་པ། ཚད་གཞི་མཐོར་འདེགས་བྱེད་པ་བཅས་བྱ་སྤྱོད་ཆེན་པོ་བཞིར་སྐུལ་འདེད་ནུས་ལྡན་བཏང་ནས། བྱ་བ་བཟང་པོ་ཏན་ཏིག་ངང་སྒྲུབ་དགོས། ཁེ་ལས་དང་འཛད་སྤྱོད་པའི་འདོད་བློར་བརྩི་འཇོག་བྱས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྐུལ་འདེད་ལ་ཤུགས་བསྣན་ནས། གསར་སྒྱུར་གསར་བརྗེ་ཡི་ནང་གནས་སྒུལ་ཤུགས་དང་གཞི་ཁྱོན་གྱི་ཕན་འབྲས་ནུས་ཤུགས་ཡོད་རྒུས་གྲུབ་པར་འབད་དགོས།

རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། ཚོང་དོན་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། ཀོང་ཏུང་ཞིང་ཆེན་སྲིད་གཞུང་། སི་ཁྲོན་ཞིང་ཆེན་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་ཐོག་ནས་གཏམ་བཤད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།