ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་བསྒྲུབ་སྤྲོད་ཚོགས་འདུ་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་གཞི་བསྒྲུབ་སྤྲོད་ཚོགས་འདུ་ཚེས28ཉིན་པེ་ཅིན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲི་ཐའེ་ཧྥུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཧྲི་ཐའེ་ཧྥུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོས་གཞིའི་ལས་དོན་ཡག་པོ་བསྒྲུབ་པའི་ཐད་མཛུབ་སྟོན་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་རིང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་གྲོས་གཞི་ཧུར་ཐག་གིས་ཕུལ་བ་དང་། སྤྱི་ཚོགས་ཀྱི་དོ་ཁུར་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་མཚོན་ཡོད། གྲོས་གཞི་སྒྲུབ་འགན་འཁུར་བའི་སྡེ་ཚན་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ངང་ཆུད་པར་བྱས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་བྱས་ཏེ། དམངས་གཙོ་གྲོས་མོལ་འདུ་ཤེས་དེ་གྲོས་གཞི་སྒྲུབ་གཉེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་གྲོས་གཞི་སྒྲུབ་གཉེར་ཏན་ཏིག་བྱས་པ་བརྒྱུད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གྲོས་མོལ་གྱི་དོན་དངོས་དང་སྤྱོད་གོ་ཆོད་པའི་རྣམ་པ་མངོན་པར་བྱས་ནས། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་མངོན་ཐུབ་པར་བྱེད་དགོས་ཞེས་བསྟན།

ཧྲི་ཐའེ་ཧྥུང་གིས་གྲོས་གཞི་སྒྲུབ་འགན་འཁུར་པའི་སྡེ་ཚན་སོ་སོས་སྤུས་ཚད་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་དང་། གཙོ་གནད་འབུར་དུ་བཏོད་པ། གྲོས་མོལ་གཏིང་ཟབ་བྱེད་པ། ལན་འདེབས་ནན་ཏན་བྱེད་པ། རྗེས་འདེད་ཐག་གཅོད་བྱེད་པར་ཤུགས་སྣོན་པ། གྲོས་གཞི་སྒྲུབ་པའི་བྱ་བའི་ཕན་འབྲས་ཆེ་རུ་གཏོང་བ། གྲོས་གཞི་སྒྲུབ་པའི་ལས་དོན་དང་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཟུང་འབྲེལ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གྲོས་གཞི་སྒྲུབ་གཉེར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་ཝང་ཏུང་ཧྥུང་གིས་ཚོགས་འདུར་མགོ་འཛིན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཀྲེན་ཚོགས་འདུར་ཞུགས། ཀྲུང་གུང་ཀྲུང་དབྱང་གི་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིན་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་གཞུང་ལས་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འབྲེལ་ཡོད་འགན་འཁུར་བློ་མཐུན། གྲོས་གཞི་སྒྲུབ་འགན་འཁུར་བའི་སྡེ་ཚན་ཁ་ཤས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།