ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྤྱི་གླིང6འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་བའི་མིང་མཛོད་ནང་ཚུད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ལག་བསྟར་ཅུའུ་ཡིས་ཚེས27ཉིན་ས་གཤིས་སྤྱི་གླིང18འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་བའི་མིང་མཛོད་ནང་འཇོག་པར་ཆོག་མཆན་གནང་བ་དང་། དེའི་ནང་ཀྲུང་གོའི་ས་གཤིས་སྤྱི་གླིང6ཡོད་ལ། དེ་དག་ནི་ཁྲང་པའེ་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་དང་ཨུན་ཧྲི་གྲོག་རོང་ཆེན་མོའི་ཐིན་ལུང་བྲག་ཕུག་འཛམ་གླིང་ས་གཤིས་སྤྱི་གླིང་། ལིན་ཞ་འཛམ་གླིང་ས་གཤིས་སྤྱི་གླིང་། ལུང་ཡན་འཛམ་གླིང་ས་གཤིས་སྤྱི་གླིང་། ཝུའུ་ཀུང་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་། ཞིན་དབྱི་འཛམ་གླིང་ས་གཤིས་སྤྱི་གླིང་བཅས་ཡིན། དེར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་བའི་ཁོངས་ཞུགས་སྤྱི་གླིང213ཡོད་པ་དང་། དེ་དག་རྒྱལ་ཁབ48ལ་ཁྱབ་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།