ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་བསྐོ་གཞག་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོའི་ཟླ3པའི་ཚེས27ཉིན། ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིས་མགོ་ཁྲིད་ཚན་ཁག་གི་ཚོགས་འདུ་བསྡུས་པ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་མགོ་ཁྲིད་ཀྱི་བཀའ་མངགས་ལྟར། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ལས་བྱེད་ཅུའུ་ཡི་འགན་འཁུར་བློ་མཐུན་གྱིས། ཏང་ཀྲུང་དབྱང་གིས་ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་བསྐོ་གཞག་གནང་བའི་སྐོར་གྱི་ཐག་གཅོད་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཧོ་པིའོ་ཡིས་ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་རྐང་གཉེར་དང་སྤྱི་ཁྱབ་སྤྱི་གཉེར་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་འཁུར་རྒྱུ་དང་། ཀྲུང་གོའི་མཉམ་འབྲེལ་སྦྲེལ་དྲ་འཕྲིན་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་ཕྱིར་འཐེན་བྱས།

གོ་གནས་བསྐོ་འཐེན་སྐོར་གྱི་ལས་དོན་རྣམས་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་ཡིག་གི་གཏན་འབེབས་ལྟར་བསྒྲུབ་དགོས། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།