ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་དང་ཏང་ཙུའུ་ཧྲུའུ་ཅིའི་གོ་གནས་ལེགས་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོའི་ཟླ3པའི་ཚེས27ཉིན། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་འབྲིང་རིམ་ཡན་གྱི་དོ་དམ་མི་སྣའི་ཚོགས་ཆེན་བསྡུས་པ་རེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་འགན་འཁུར་བློ་མཐུན་གཙོ་བོ་ལེགས་སྒྲིག་བྱེད་པའི་སྐོར་གྱི་ཐག་གཅོད་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཀྲང་ཀྲི་ཀང་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་འཁུར་རྒྱུ་དང་། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བའི་གོ་གནས་ཕྱིར་འཐེན་བྱས་ཤིང་། བློ་མཐུན་ཞིན་པའོ་ཨན་གྱི་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་གོ་གནས་ཕྱིར་འཐེན་བྱས། གོ་གནས་བསྐོ་འཐེན་བྱེད་སྐབས་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་ཡིག་གི་གཏན་འབེབས་ལྟར་བསྒྲུབ་དགོས། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།