ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས་པ། 

ཀྲོའུ་ཐེན་འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་ཡི་ཅུའུ་ཀྲང་ལ་བསྐོས་པ་དང་། ཐའོ་ལིན(མོ)ཀྲུང་གོ་མི་དམངས་དངུལ་ཁང་གི་མགོ་འཛིན་གཞོན་པར་བསྐོས། སུང་ཧུང་ཁུན་རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པར་བསྐོས། ཀྲང་རྨིན(མོ)ཀྲུང་གོ་ས་ཡོམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པར་བསྐོས། ཀྲང་ལི་ཆུན་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་གཙོ(པུའུ་ཀྲང་གཞོན་པ)ལ་བསྐོས། 

སུན་ཡའོ་ཡི་སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཀྲང་ཡུས་ཏུང་གི་ཚན་རིག་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ཁྲེན་ཡོན་ཧྥེང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱས། ཆུང་སེ་ཡི་རྒྱལ་ཁབ་མེ་གསོད་མེ་འགོག་རོགས་སྐྱོབ་ཅུའུ་ཡི་ཅུའུ་ཀྲང་གི་གོ་གནས་ཕྱིར་འཐེན་བྱས། མ་ཅིན་གྱི་པེ་ཅིན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་ཡི་གོ་གནས་ཕྱིར་འཐེན་བྱས། ཝང་ཧྲུའུ་གོ་ཡི་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་གཙོའི་གོ་གནས་ཕྱིར་འཐེན་བྱས་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།