ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏི་ན་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞི་འཚམ་འདྲིར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏི་ན་ལ་ཐུག་འཕྲད་གནང་།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞི་འཚམ་འདྲིར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏི་ན་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་སི་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་རང་བྱུང་གི་སྙིང་ཉེའི་འདུ་ཤེས་ཡོད། ཀྲུང་སི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གང་ལེགས་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་གཞག་དང་མཐུན། ཀྲུང་གོས་སི་རི་ལན་ཁ་ཕྱོགས་དང་མཉམ་དུ། མུ་མཐུད་དུ་སྒེར་ཚུགས་རང་བདག་དང་མཐུན་སྒྲིལ་རོགས་རེས་ཀྱི《སྨིས་ཅའོ་གྲོས་མཐུན》གྱི་དགོངས་དོན་དར་སྤེལ་བཏང་ནས། ཆབ་སྲིད་ཡིད་རྟོན་སྲ་བརྟན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། དངོས་བརྩོན་མཉམ་ལས་རྒྱ་བསྐྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན། མུ་མཐུད་དུ་ཀྲུང་སི་ལྷག་བསམ་རོགས་རེས་དང་དུས་རས་མཛའ་བརྩེའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དུ་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་མཐའ་གཅིག་ཏུ་སི་རི་ལན་ཁས་རྒྱལ་ཁབ་རང་བདག་དང་སྒེར་ཚུགས། མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མུ་མཐུད་དུ་སི་རི་ལན་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་ཁོ་ལུན་པའོ་གྲུ་ཁ་གྲོང་ཁྱེར་དང་ཧན་པན་ཐའོ་ཐ་ཕྱོགས་བསྡུས་གསར་སྤེལ་གྱི་ལས་གཞི་ཆེན་པོ་གཉིས་ལ་སྐུལ་འདེད་བཏང་ནས། དངོས་ཟོག་འཁོར་རྒྱུག་དང་ནུས་ཁུངས། ཐོན་ལས་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། དྭངས་གཙང་ནུས་ཁུངས། རིག་གནས་ཡུལ་སྐོར། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོས་མུ་མཐུད་དུ་སི་རི་ལན་ཁའི་སྤུས་ལེགས་ཐོན་རྫས་ནང་འདྲེན་རྒྱ་བསྐྱེད་དུ་བཏང་ནས། ཀྲུང་གོའི་ཁེ་ལས་སི་རི་ལན་ཁར་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་ལྕག་གཏོང་རྒྱུ་དང་། སི་རི་ལན་ཁས་དྲང་བདེན་དང་དྭངས་གསལ་གྱི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོས་སི་རི་ལན་ཁ་ཕྱོགས་དང་ཤང་གྲོང་གི་དབུལ་འཕྲི་མཉམ་ལས་ལ་ཤུགས་བསྣན་ཏེ། སི་རི་ལན་ཁས་དཔལ་འབྱོར་རྣམ་སྒྱུར་རིམ་སྤར་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་སྟེ། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་ཀྱི་རོགས་ལས་ལ་ཤུགས་སྣོན་པ་དང་། ཀྲུང་སིའི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་དངོས་གཞི་འཚམ་འདྲིར་ཕེབས་པའི་སི་རི་ལན་ཁའི་ཙུང་ལི་ཀུའུ་ན་ཝ་ཏི་ན་ལ་ཐུག་འཕྲད་གནང་།

ཀུའུ་ན་ཝ་ཏི་ན་ཡིས་བསྟན་དོན། སི་ཀྲུང་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་པ་ཡིན། སི་རི་ལན་ཁས་ཐེ་ཚོམ་ཅི་ཡང་མེད་པར་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོའི་མཛའ་མཐུན་མཉམ་ལས་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་ལ། མུ་མཐུད་དུ་ཀྲུང་གོ་ནི་ཕྱི་ཕྱོགས་འབྲེལ་བའི་དམིགས་བསལ་གྱི་གོ་གནས་སུ་འཇོག་རྒྱུ་ཡིན། སི་རི་ལན་ཁས་དཀའ་ངལ་ཆེ་བའི་དུས་སྐབས་སུ་ཀྲུང་གོས་སི་རི་ལན་ཁར་དུས་ལྟར་རོགས་སྐྱོར་གནང་བ་བརྗེད་མི་སྲིད་ལ། སི་ཀྲུང་ནི་ལས་དབང་མཉམ་གནས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཡིན། ཁོ་ལུན་ཕའོ་གྲུ་ཁ་གྲོང་ཁྱེར་དང་ཧན་པན་ཐའོ་ཐ་ཕྱོགས་བསྡུས་གསར་སྤེལ་སོགས་ཀྱི་ལས་གཞི་ཡིས་སི་རི་ལན་ཁའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་གནས་ཁྱོན་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་དང་དྲང་ནུས་བསྩལ་ཡོད་ལ། སི་རི་ལན་ཁ་ཕྱོགས་ཀྱིས་ཧུར་ཐག་གིས་རྒྱབ་སྐྱོར་དང་དེའི་ནང་ཞུགས་རྒྱུ་ཡིན། སི་རི་ལན་ཁས་ཀྲུང་གོ་དང་མཉམ་དུ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་སྟེ། སི་ཀྲུང་མཛའ་མཐུན་འབྲེལ་བ་གཏིང་ཟབ་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། ཡུལ་སྐོར། དབུལ་འཕྲི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་སྤྱིའི་ཕྱོགས་མང་མཐུན་སྦྱོར་རོགས་ལས་དམ་ཟབ་དང་། ཨེ་ཤེ་ཡ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།