ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་བྱ་བའི་འཚམ་འདྲིར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་ལ་ཐུག་འཕྲད་གནང་།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་བྱ་བའི་འཚམ་འདྲིར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧོ་འབྲེལ་བ་གཏན་འཇགས་དང་བདེ་ཐང་ངང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོདལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་དུ་ཕྱིན་ནས། ཧོ་ལན་ནི་མིང་དོན་གཉིས་མཚུངས་ཀྱི་ཀྲུང་ཡོ་མཉམ་ལས་ཀྱི་སྒོ་ཆེན་ལྟ་བུར་གྱུར་ཡོད། ཀྲུང་གོས་ཧོ་ལན་དང་རིམ་པ་སོ་སོའི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། འབྲེལ་མཐུད་གླེང་མོལ་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་ཀྱིས་ཀྲུང་ཧོའི་སྒོ་འབྱེད་དངོས་བརྩོན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད། ཀྲུང་གོས་ཧོ་ལན་གྱི་སྤུས་ལེགས་ཚོང་རྫས་ནང་འདྲེན་རྒྱ་བསྐྱེད་དུ་བཏང་ནས། ཧོ་ལན་གྱི་ཁེ་ལས་ཀྲུང་གོར་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧོ་ལན་གྱིས་ཀྲུང་གོའི་ཁེ་ལས་ལ་དྲང་བདེན་དང་དྭངས་གསལ་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ཧུར་ཐག་གིས་ཞིང་ལས་དང་ཆུ་བེད། ནུས་ཁུངས་སོགས་སྲོལ་རྒྱུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། མིས་བཟོས་རིག་ནུས་དང་ལྗང་མདོག་རྣམ་སྒྱུར། དབུ་དཀར་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་དགོས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྔར་ལས་སྟབས་བདེའི་མི་སྣའི་འགྲོ་འོང་བྱེད་ཐབས་སྤྱད་དེ། སློབ་གསོ་དང་རིག་གནས། དམངས་ཁྲོད་བརྗེ་རེས་ལ་སྐུལ་ལྕག་གཏོང་དགོས། ཀྲུང་གོས་ཧོ་ལན་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་ལས་ཁུངས་ཀྱི་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ཏེ། ཐུན་མོང་ཐོག་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་འཛམ་གླིང་གི་འགྲན་སློང་ལ་ཁ་གཏོད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཛམ་གླིང་ཅན་ལ་གནས་སྐབས་སུ་དཀའ་ངལ་འཕྲད་སྲིད་མོད། འོན་ཀྱང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་ཡོང་མི་སྲིད་པར་བརྟེན། ཕྲེང་ཆད་སྦྲེལ་གཅོད་ལ་ཐར་ལམ་མེད་པས་སྒོ་འབྱེད་མཉམ་ལས་ནི་གདམ་ག་ཉག་གཅིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཁྱོད་ཕམ་ང་རྒྱལ་དང་ཁྱོད་ཤི་ང་གསོན་གྱི་རྒྱུ་གཉིས་ཁ་གཏད་ཀྱི་བསམ་བློ་དེ་སྔོན་ཆད་ནས་འདས་ཟིན་པར་འདོད་ལ། དོན་དངོས་བདེ་འཇགས་ཀྱི་འཛམ་གླིང་ནི་ངེཆས་པར་དུ་མཉམ་འདྲེས་གཏིང་ཟབ་དང་ཕན་ཚུན་རྒྱབ་བརྟེན་གྱི་འཛམ་གླིང་ཡིན་འོས། བསམ་བཞིན་དུ་ཚན་རྩལ་མཁར་རྫོང་བསྐྲུན་པ་དང་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གཅོད་པ་ནི་ཁ་ཕྲལ་དང་འགྲན་ཡ་བཟོ་སྲིད། ཀྲུང་གོ་མི་དམས་ལ་ལུགས་མཐུན་འཕེལ་རྒྱས་ཀྱི་ཁེ་དབང་ཡོད་པས་སྟོབས་ཤུགས་གང་གིས་ཀྱང་ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་འགྲོ་བའི་གོང་འཕེལ་གྱི་གོམ་སྟབས་འགོག་མི་ཐུབ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་རྒྱལ་གྱི་འདུ་ཤེས་བཅིངས་ནས། མུ་མཐུད་དུ་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ་ཕྱོགས་སོ་སོ་དང་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་རྒྱུ་ཡིན། ཀྲུང་གོའི་ཡོ་རོབ་སྲིད་ཇུས་མུ་མཐུད་དུ་རྒྱུན་མཐུད་གཏན་འཇགས་བྱས་ཏེ། ཡོ་རོབ་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་གཅིག་དང་མཉམ་ལས་རོགས་ཟླར་བརྩི་རྒྱུ་ཡིན། ཧོ་ལན་གྱིས་མུ་མཐུད་དུ་ཀྲུང་ཡོ་ཕན་ཚུན་རྒྱུས་ལོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་འཛུགས་སྐྲུན་རང་བཞིན་གྱི་དགེ་མཚན་ལྡན་པའི་བྱེད་ནུས་འདོན་སྤེལ་བྱེད་རྒྱུའི་རེ་བ་ཡོད།

ཟླ3པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་བྱ་བའི་འཚམ་འདྲིར་ཕེབས་པའི་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའུ་ཐི་ལ་ཐུག་འཕྲད་གནང་།

ལུའུ་ཐི་ཡིས་བསྟན་དོན། 2013ལོར་ང་རང་དབུ་བཞུགས་བློ་ཆེན་གྱི་གོ་གནས་ཁུར་ཏེ་ཐེངས་དང་པོར་ཀྲུང་གོར་འཚམ་འདྲིར་ཕེབས་པ་ཡིན་ལ། ལྷག་པར་དུ2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཧོ་ཀྲུང་སྒོ་འབྱེད་དངོས་བརྩོན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པའི་ཚུན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ལེགས་པོ་རྒྱུན་འཁྱོངས་བྱས་ཤིང་། ཉོ་ཚོང་སྤྱི་འབོར་ལྡབ་གཅིག་འཕར་ལ། ཕྱོགས་གཉིས་མཉམ་ལས་ལ་སྦས་ཤུགས་དང་མདུན་ལྗོངས་ཆེན་པོ་མངོན། ཕྲེང་ཆད་སྦྲེལ་གཅོད་ནི་ཧོ་ལན་སྲིད་གཞུང་གི་གདམ་ག་མིན་ཏེ། རྒྱུ་མཚན་ནི་ཀྲུང་གོའི་འཕེལ་རྒྱས་ཁེ་ཕན་ལ་གནོད་པའི་འགུལ་སྐྱོད་གང་གིས་ཀྱང་རང་སྟེང་གི་འཕེལ་རྒྱས་ལ་གནོད་སྐྱོན་ཐེབས་པ་ཡིན། ཀྲུང་གོས་ཧོ་ལན་སྤྱི་དམངས་ཀྲུང་གོར་འགྲོ་བར་ཉིན15ཡི་ཆོག་འཐུས་འགོད་མི་དགོས་པའི་ཐོབ་ཐང་བྱིན་པར་བཀའ་དྲིན་ཞུ་བཞིན་ཡོད། ཧོ་ལན་གྱིས་ཀྲུང་གོའི་མཛའ་མཐུན་འབྲེལ་བར་མཐོང་ཆེན་དང་གཅེས་སྤྲས་བྱེད་བཞིན་ཡོད་ལ། ཀྲུང་གོ་དང་མཉམ་དུ་རོགས་ཟླའི་འབྲེལ་བ་གཏིང་ཟབ་དུ་བཏང་སྟེ། མི་སྣའི་འགྲོ་འོང་ལ་སྟབས་བདེ་དང་དཔལ་འབྱོར་ཉོ་ཚོང་དང་ཐཱན་གཏོང་ཉུང་འཕྲི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་ཕྱོགས་མང་ལས་སྟེགས་དང་རྒྱལ་སྤྱིའི་ས་ཁུལ་གནད་དོན་སྟེང་གི་མཐུན་སྦྱོར་རོགས་ལས་དམ་ཟབ་དུ་གཏོང་འདོད་ཡོད།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།