ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧུང་ཀྲུང་ཀྲུང་ཁྲའོ་མཛའ་བརྩེའི་བརྗེ་རེས་བྱ་འགུལ་ལ་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་ཚེས26ཉིན་པེ་ཅིན་དུ་ཀྲུང་ཁྲའོ་མཛའ་བརྩེའི་བརྗེ་རེས་བྱ་འགུལ་ལ་ཞུགས།

ལི་ཧུང་ཀྲུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨུན་ལ་ཐེངས་མང་པོར་ཐུག་འཕྲད་གནང་སྟེ། རྣམ་པ་མང་པོའི་སྒོ་ནས་འབྲེལ་འདྲིས་དམ་ཟབ་དུ་བཏང་བ་བརྒྱུད་ཀྲུང་ཁྲའོ་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོས་ཁྲའོ་ཞན་དང་མཉམ་དུ། ཀྲུང་ཁྲའོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པ་དང་ཀྲུང་ཁྲའོ་མཛའ་མཐུན་ལོ་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་གཉིས་ཀྱི་ཆེས་མཐོ་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ནས། ཏང་ཁག་བར་སོགས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ས་ཁུལ་ཞི་བདེ་གཏན་འཇགས་དང་འཕེལ་རྒྱས་གོང་སྤེལ་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།

ཀྲུང་གོར་སྡོད་པའི་ཁྲའོ་ཞན་གྱི་གཞུང་ཚབ་པ་ལི་ལུང་ནན་གྱིས་བསྟན་དོན། ཁྲའོ་ཞན་གྱིས་ཁྲའོ་ཀྲུང་སྲོལ་རྒྱུན་མཛའ་བརྩེ་ལ་ཚད་མཐོའི་གཅེས་སྤྲས་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧུར་ཐག་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྔར་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཐེངས་འདིའི་བྱ་འགུལ་དེ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གོར་སྡོད་པའི་ཁྲའོ་ཞན་གཞུང་ཚབ་ཁང་གིས་མཉམ་དུ་སྒྲུབ་པ་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དམངས་ཁྲོད་ཚོགས་པའི་འགན་ཁུར་མི་སྣ། པེ་ཅིན་དུ་སྡོད་པའི་ཁྲའོ་ཞན་གྱི་འཐུས་མི་སོགས་བྱ་འགུལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།