ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས2024ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་བྱ་བ་ལེགས་པོར་སྒྲུབ་པར་བཀོད་སྒྲིག་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། སློབ་གསོ་པུའུ་ཡིས《2024ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། 2024ལོའི་སྤྱིར་བཏང་མཐོ་རིམ་སློབ་བསྡུའི་བྱ་བའི་ཐད་ལ་བཀོད་སྒྲིག་གནང་།

《བརྡ་སྦྱོར》ལས། 2024ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་ལག་བསྟར་བྱེད་པ ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། ནང་མཁོ་རྒྱ་བསྐྱེད་དང་མཁོ་སྤྲོད་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་དུ་གཏོང་བར་སྤྱི་འདོམས་བྱས་ནས། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཞབས་ཞུ་ལ་གཞིགས་ཏེ། བྱེད་ཐབས་བསྒྱུར་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ། སྤུས་ཚད་མཐོར་འདེགས་པ། ཕན་འབྲས་ཆེར་གཏོང་བའི་ཐད་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་། སྔར་ལས་ལྷག་པར་བཅོས་སྒྱུར་གསར་སྐྲུན་གཏིང་ཟབ་དང་དོ་དམ་ཚད་ལྡན་ལ་ཤུགས་སྣོན་པ། འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། རྒྱུགས་སྤྲོད་སློབ་བསྡུའི་ལས་དོན་བདེ་འཇགས་བརྟན་རླིང་དང་གོ་རིམ་ལྡན་པར་སྤེལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བརྡ་སྦྱོར》ལས་ཕྱོགས་ལྔའི་བྱ་བའི་བླང་བྱ་བཏོན་ཡོད་པ་སྟེ།

གཅིག་ནི་ཆུ་ཚད་མཐོ་བའི་རྒྱུགས་ལེན་བདེ་འཇགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།

གཉིས་ནི་ཤུགས་ཆེན་པོས་སློབ་ཞུགས་ཀྱི་གོ་སྐབས་འདྲ་མཉམ་ལ་སྐུལ་འདེད་གཏོང་དགོས།

གསུམ་ནི་བརྟན་རླིང་སྒོས་མཐོ་སློབ་རྒྱུགས་ལེན་སློབ་བསྡུའི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས།

བཞི་ནི་ནན་ཏན་སྒོས་སློབ་བསྡུའི་བསྡུ་ལེན་དོ་དམ་ལ་ཚད་ལྡན་དུ་གཏོང་དགོས།

ལྔ་ནི་རྒྱུགས་ལེན་སློབ་བསྡུའི་དྲིལ་སྒྲོག་ཞབས་ཞུ་ལེགས་བཅོས་བྱེད་དགོས།  །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།