ཀྲུང་གོ་བོད་ཀྱི་དྲ་བ།

ཧོ་ལི་ཧྥུན་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ་ལོ་ཧྲིལ་བོའི་དངུལ་རྩའི་བྱ་བ་བཟང་པོ་བསྒྲུབ་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས13ཉིན། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་ཀྲུང་དབྱང་དངུལ་རྩ་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱས་པ་མ་ཟད། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་ནམ་ཀྲུང་དབྱང་དངུལ་རྩ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ལི་ཧྥུན་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་། ཁོས་དངུལ་རྩའི་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྟེང་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དང་ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་ཡོང་བ་བྱ་རྒྱུ། སྲིད་གཞུང་གི་བྱ་བའི་སྙན་ཞུ་ནང་བཏོན་པའི་བཀོད་སྒྲིག་རྣམས་ནན་ཏན་སྒོས་དངོས་འབེབས་བཅས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་རྣམས་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ལྟ་སྐུལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བཅས་ཀྱི་བྱ་བའི་སྟེང་ཕན་ནུས་ཐོབ་པར་བྱ་དགོས་ཞེས་ནན་གྱིས་བསྟན། ཀྲུང་དབྱང་གི་དངུལ་རྩའི་དོ་དམ་སྡེ་ཁག་དང་ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།