ཀྲུང་གོ་བོད་ཀྱི་དྲ་བ།

ཟླ1པོ་ནས་ཟླ2པའི་བར་དུ་རང་རྒྱལ་གྱི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་དུས་མཉམ་ལས་སོ་སོར8.1%དང11.1%འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས11ཉིན་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཟླ1པོ་ནས་ཟླ2པའི་བར་དུ། རང་རྒྱལ་གྱི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་སོ་སོར་ཁྲི391.9དང་ཁྲི402.6ལ་སླེབས་ཤིང་། དུས་མཉམ་ལས་སོ་སོར8.1%དང11.1%འཕར་ཡོད།

ཀྲུང་གོ་རླངས་འཁོར་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཁྲེན་ཧྲི་ཧྭ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་སར་གུང་གསེང་གིས་བྱ་བའི་ཉིན་མོ་ཇེ་ཉུང་དུ་བཏང་བ་མ་ཟད། རླངས་འཁོར་ཉོ་སྒྲུབ་བྱེད་འདོད་ཀྱི་དགོས་མཁོ་མང་པོ་ཞིག་ལོ་སར་སྔོན་དུ་ཞི་ལྷོད་དུ་བཏང་ཡོད་པས། རླངས་འཁོར་ཕྱིར་འཚོང་བྱེད་ཚད་སྤྱིའི་ཆ་ནས་ཟླ1པོའི་ནང་ཇེ་ཉུང་དུ་སོང་ཡོད། ཟླ2པར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་ཁྲི150.6དང་ཁྲི158.4ལ་སླེབས་ཤིང་། གདུབ་བསྡུར་སོ་སོར37.5%དང35.1%ཆག་པ་དང་། དུས་མཉམ་ལས25.9%དང19.9%ཆག་ཡོད།

ཀྲུང་གོ་རླངས་འཁོར་མཐུན་ཚོགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1པོ་ནས་ཟླ2པའི་བར་དུ། རང་རྒྱལ་གྱི་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་སོ་སོར་ཁྲི125.2དང་ཁྲི120.7ལ་སླེབས་ཤིང་། དུས་མཉམ་ལས་སོ་སོར28.2%དང29.4%འཕར་ལ། ཚོང་རའི་བདག་བཟུང་ཚད30%ལ་སླེབས་ཡོད།

ཁྲེན་ཧྲི་ཧྭ་ཡིས་བཤད་རྒྱུར། སྲིད་ཇུས་རབ་དང་རིམ་པ་ཞིག་ཞིབ་ཕྲ་ཅན་དང་དངོས་འབེབས་བྱས་པ་བརྒྱུད། རླངས་འཁོར་ལས་རིགས་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་རྣམ་པ་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་ཐུབ་པར་ཕན་ལ། ཁེ་ལས་ཀྱི་གསར་སྐྲུན་སྒུལ་ཤུགས་སྐུལ་སློང་བྱས་ཏེ་མུ་མཐུད་དུ་རླངས་འཁོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།