ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་མཇུག་སྒྲིལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་གྲོས་རིམ་སོ་སོ་ལེགས་པར་གྲུབ་ནས་ཚེས11ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ། ཚོགས་ཆེན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་བྱ་བའི་སྙན་ཞུ་སོགས་ལ་ཆོག་མཆན་གནང་། ཚོགས་ཆེན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུའུ་ཞི་བཀའ་རྒྱ་ཨང21པ་སྤྱི་བསྒྲགས་བྱས།

ཟླ3པའི་ཚེས11ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ་བ་རེད། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་ཀྲུའུ་ཞི་སྟགས་བུར་བཞུགས་ཡོད།

མཇུག་སྒྲིལ་ཚོགས་འདུ་ལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་མགོ་འཛིན་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་ཝང་ཏུང་མིན། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཧོ་མིན་ཅིན། ཚའེ་ཏ་ཧྥིན། ཧོ་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐི་ཀྲ་ཁི་ཨར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞི་བཞུགས་གྲལ་དུ་བཞུགས་ཡོད།

ཞི་ཅིན་ཕིང་དང་ལི་ཆང་། ཝུང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།

ཚོགས་འདུ་ལ་ཞུགས་དགོས་པའི་འཐུས་མི2956ཡོད་པ་དང་འཐུས་མི2900དངོས་སུ་འབྱོར་ལ། འཐུས་མི56ཞུགས་ཐུབ་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཟླ3པའི་ཚེས11ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་མཇུག་སྒྲིལ་བ་རེད། ཀྲའོ་ལེ་ཅི་ཡིས་མཇུག་སྒྲིལ་ཚོགས་འདུར་མགོ་འཛིན་གནང་བ་མ་ཟད་གཏམ་བཤད་གནང་། 

ཕྱི་དྲོའི་ཆུ་ཚོད3པར། ཀྲའོ་ལེ་ཅི་ཡིས་ཚོགས་འདུ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། 

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན། གྲོས་ཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུ་ལས་བཏོན་པའི2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཁ་ཕྱོགས། བྱ་བའི་ལས་འགན་བཅས་ལ་འཐད་པ་བྱུང་ནས། སྙན་ཞུ་དེར་ཆོག་མཆན་འགོད་རྒྱུ་ཐག་བཅད།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་། བཅའ་ཁྲིམས་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུ་དང་།2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད་པར་མ་ཟད།  བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི2023ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། 2023ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ལ་ཆོག་མཆན་འགོད་རྒྱུ་དང་།2024ལོའི་ཀྲུང་དབྱང་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ལས་བསྟན་དོན། གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་ངོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། སྙན་ཞུ་ལས་བཏོན་པའི་རྗེས་ཕྱོགས་ཀྱི་ལོ་ངོ་གཅིག་གི་ལས་འགན་ལ་འཐད་པ་བྱུང་སྟེ། སྙན་ཞུ་འདིར་ཆོག་མཆན་འགོད་རྒྱུའི་ཐག་བཅད།

གྲོས་ཚོགས་སྟེང་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། གོང་གི་སྙན་ཞུ་གཉིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།

དེའི་རྗེས་སུ། ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་། ཁོང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ལེགས་པར་གྲུབ། འཐུས་མི་ཡོངས་དང་འབྲེལ་ཡོད་ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག གྲོས་ཚོགས་བདེ་བླག་ངང་འཚོགས་པ་དང་། ཐུན་མོང་འདུ་ཤེས་གཅིག་སྡུད་དང་། ལས་འགན་གཏན་ཁེལ་གསལ་བོ་བྱས་ཤིང་། ཡིད་ཆེས་ཇེ་བརྟན་དུ་བཏང་བས། དར་ཆ་མཐོན་པོར་སྒྲེང་བ་དང་། བདེན་འཛིན་དངོས་སྒྲུབ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཚོགས་ཆེན་གྱི་སྐབས་སུ་འཐུས་མི་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བླངས་པ་དང་། ཆབ་སྲིད་ཀྱི་སྤྲོ་སེམས་དང་ཉམས་མེད་ཀྱི་སྤོབས་པར་བརྟེན་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱས་པ་དང་། སྙན་ཞུ་དང་གྲོས་གཞི་ཁག་ལ་གྲོས་ཞིབ་ནན་མོ་བྱས་ཡོད། གྲོས་ཚོགས་ཀྱི་གྲུབ་འབྲས་ལས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་ཡིན་པ་ལེགས་པར་མཚོན་ཡོད་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་མངོན་པར་གསལ་བའི་དགེ་མཚན་མཚོན་ཡོད།

ཀྲའོ་ལེ་ཅི་ཡིས་བཤད་རྒྱུར། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་ལ།   ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན།    ཚོགས་ཆེན་སྟེང་གཏན་འབེབས་བྱས་པའི་ལས་འགན་སོ་སོ་དོན་འཁྱོལ་བྱེད་པ་དེ་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན།    ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས།  བློ་གཅིག་སེམས་གཅིག་དང་སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།   མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་བྱེད་པ་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ།    མི་དམངས་ཀྱིས་བཏོན་པའི་རེ་འདོད་དང་གསར་གཏོད་བྱས་པའི་ཉམས་མྱོང་།   སྤྱད་ཆོག་པའི་ཁེ་དབང་།   འདོན་སྤེལ་བྱས་པའི་བྱེད་ནུས་བཅས་ལ་བརྩི་འཇོག་གང་ལེགས་བྱེད་པ།   སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་ལས་སྐྲུན་གསར་གཏོད་ཀྱི་བརྩོན་སེམས་དང་གསོན་ཤུགས་བསྐྱེད་ནས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།  བདེན་འཚོལ་དངོས་གཉེར་དང་དངོས་སྒྲུབ་དམ་འཛིན།   དཀའ་གནད་མཁྲེགས་གཏོར་དང་ལེགས་སྒྲུབ་ལེགས་འགྲུབ་ཀྱིས་དཀའ་གནད་ལ་རེ་རེ་བཞིན་ཁ་གཏད་འཇལ་བ་དང་དོན་དངོས་རེ་རེ་བཞིན་བཟང་བོར་སྒྲུབ་པ།   ལས་འགན་རེ་རེ་བཞིན་ཡོངས་འགྲུབ་བྱེད་པ་བཅས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཁྲོད་དུ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྙེག་རྒྱུན་མཐུད་ངང་མངོན་འགྱུར་བྱེད་དགོས་ཟེར།

ཀྲའོ་ལེ་ཅི་ཡིས་བསྟན་དོན། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་ལས་དོན་བསྐྲུན་པར་ངེས་པར་དུ་མཁོ་བའི་བགྲོད་ལམ་ཡིན།    ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ་དམངས་ཡོངས་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

ཕྱི་དྲོའི་ཆུ་ཚོད3དང་སྐར་མ31སྟེང་། ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་མཇུག་སྒྲིལ་པ་ཁྱབ་བསྒྲགས་བྱས། ཚོགས་ཆེན་རྔམ་བརྗིད་ཀྱི་རྒྱལ་གླུའི་ཁྲོད་མཇུག་སྒྲིལ་བ་རེད།

ཀྲུའུ་ཞི་སྟེགས་བུར་ད་རུང་མ་ཞིན་རུའེ་དང་ཝང་དབྱི། དབྱི་ལི། ཧྲི་ཐའེ་ཧྥིན། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལའེ། ཧོ་ཝེ་ཏུང་། ཧོ་ལི་ཧྥིན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝིན་ཆིན། ཁྲིན་ཅི་ཉིན། ཁྲིན་མིན་ཨར། ཡོན་ཅ་ཅུན། ཧོང་ཁུན་མིན། ལིའུ་ཅིན་གོ། ཝང་ཞའོ་ཧུང་། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་། ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། ཝང་ཡུང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེའང་ཀྲིན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་ཞིན་ཀྲི། ཅང་ཙའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པའོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ལིའུ་ཀྲིན་ལི་དང་མེའོ་ཧྭ། ཀྲང་ཀྲིན་མིན་སོགས་བཞུགས་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་བགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས་དང་། དྲག་ཆས་ཉེན་རྟོག་དམག་དཔུང་དང་མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་མི་སྣ་ཚོགས་འདུར་ཟུར་ཞུགས་དང་ཟུར་ཉན་བྱས།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་འདུར་ཟུར་ཉན་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།